R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦༤ན
[A:༡༦༤ན]སྐུ་མཆེད་གཉིས་ལ་རྫོགས་པར་གནང་བའི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་རྣམ་པར་ཐར་པ་མདོ་ཙམ་བསྟན་པ་ནི། དེ་ཡང་རྗེ་བཙུན་ཆེན་པོས་མཛད་པའི་བསྟོད་པ་གཞིར་བྱས་ཏེ་ཅུང་ཟད་བཤད་ན། བསྟོད་པ་འདི་ལ་གསུམ། མཆོད་པར་བརྗོད་པ། བསྟོད་པ་དངོས། མཇུག་གི་བྱ་བའོ། །དང་པོ་ནི། ཁྱོད་ནི་དམ་པ་རྣམས་ཀྱི་རིགས་འཁྲུངས་ནས། །འགྲོ་ཀུན་དགའ་བའི་དཔལ་གྱིས་ཉེར་འཚོ་བ། །དོན་གྱི་སྙིང་པོ་རྣམ་གྲོལ་མཆོག་བརྙེས་པའི། །བློ་གྲོས་ཆེན་པོ་བླ་མའི་ཞབས་ལ་འདུད། །ཅེས་པ་སྟེ། བླ་མ་ཆེན་པོ་ས་སྐྱ་པ་ཀུན་དགའ་སྙིང་པོ་ལ་བསྟོད་པའོ། །གཉིས་པ་བསྟོད་པ་དངོས་ལ་གཉིས། རྣམ་ཐར་གྱི་སྒོ་ནས་རྒྱས་པར་བསྟོད་པ་དང་། དོན་བསྡུ་བའི་སྒོ་ནས་བསྡུས་ཏེ་བསྟོད་པའོ། །དང་པོ་ལ་གཉིས། རྣམ་པར་ཐར་པ་སྤྱིར་བསྟན་ཚུལ་དང་ཁྱད་པར་རྗེ་བཙུན་རང་ཉིད་ལ་བསྟན་ཚུལ་ལོ། །དང་པོ་ལ་གཉིས། སྐྱེ་བ་བརྙེས་པའི་