R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༦བ
[A:༡༥༦བ]དུ་མ་ཞིག་ཡོད་པ་དག་ཀྱང་ཞིབ་ཏུ་ཐོབ་བོ། །དེ་ལྟར་བསྟན་སྲུང་རྒྱ་མཚོའི་མངའ་བདག་ཏུ་གྱུར་པའི་ས་སྐྱའི་བླ་ཆེན་ཀུན་དགའ་སྙིང་པོ་དེ་ཉིད་ཀྱི་རྣམ་པར་ཐར་པ་ཅུང་ཟད་བརྗོད་ན། གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱིས་གཅུང་འཁོན་དཀོན་མཆོག་རྒྱལ་པོ་ལ་ང་ནི་རྒས་འདུག ཁྱོད་གཞོན་པ་ཡིན་པས་གསང་སྔགས་གསར་འགྱུར་སློབས། དེ་ཡང་ད་ལྟ་འབྲོག་མི་ཤཱཀྱ་ཡེ་ཤེས་མཁས་པས་དེར་རྒྱུགས་གསུངས་པ་ལ་དེར་མ་ཐོན། འཁྱིན་ལོ་ཙཱ་བ་ལ་ཀྱཻ་རྡོ་རྗེའི་དབང་ཞུས་རྒྱུད་གསན། རྒྱུད་ཅུང་མ་རྫོགས་པ་ལ་འཁྱིན་ལོ་གྲོངས། ཆོས་འཕྲོ་འབྲོག་མིའི་དྲུང་དུ་ཞུས་གསུངས་པ་ལྟར་ཞུར་བྱོན་པས། ཁྱོད་ཀྱིས་ཕ་ཤི་ནས་མེས་ཕོ་བསྙེགས་པ་ལེགས་གསུངས་ནས་དགྱེས། ཕྱིས་ཡུལ་ཞིང་འགའ་བཙོངས་ནས་རྟ་བཅུ་བདུན་དང་། རྩྭ་རིན་ནོར་བུའི་འཕྲེང་བ་དང་བཅས་པ་ཕུལ། གསུང་ངག་རིན་པོ་ཆེ་ཞུས། ལམ་སྐོར་ཆ་ལག་འགའ་རེ་གནང་། ཁྱད་པར་རྒྱུད་གསུམ་གྱི་བཤད་པ་རྒྱས་པར་གནང་ནས། བཤད་བཀའ་འཛིན་པའི་བུ་