R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༦ན
[A:༡༥༦ན]རྣམས་སྦེད་མ་ཐུབ་པས། ཕྱིས་ཀྱི་གདུང་བརྒྱུད་རྣམས་ཀྱིས་ཡང་ཕུར་གཉིས་ལ་ཐུགས་དམ་མཛད་ཅིང་། ཆོས་སྐྱོང་དཀར་མོ་ཉི་ཟླ་ལྕམ་སྲིང་ལ་དུས་གཏོར་མ་ཆག་པ་མཛད་པ་འདི་བྱུང་བ་ཡིན་པས། དེས་ན་འཁོན་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་དཀར་བདུད་ལྕམ་དྲལ་ཕུར་སྲུང་དང་བཅས་པའི་མན་ངག་ཡོངས་སུ་རྫོགས་པ་རྗེ་བཙུན་ཀུན་དགའ་སྙིང་པོས་རང་གི་ཡབ་འཁོན་དཀོན་མཆོག་རྒྱལ་པོ་ལ་གསན་པ་ནས་བཟུང་། ད་ལྟའི་བར་དུ་རྒྱུན་མ་ཆད་པ་བཞུགས་པ་ལས། ཁོ་བོས་ཀྱང་འདིའི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་སྒྲུབ་སྐོར་གྱི་མན་ངག་ལ་ཡང་། བཞི་ཐོག་བླ་བྲང་གི་རྒྱབ་ཀྱི་ཉི་ཟླ་ཕུག་པར་འཁོན་རོག་ལ་ཆོས་སྐྱོང་གིས་ཞལ་དངོས་སུ་བསྟན་ནས་གནང་བར་གྲགས་པའི་ཡི་གེ་རྙིང་མའི་སྐོར་རྣམས་དང་། བདུད་རྒྱལ་གྱི་རྒྱུད་ཟབ་མོ་མན་ངག་དང་བཅས་པ་གཞན་ཡང་བླ་མ་བརྒྱུད་པ་རྣམས་ཀྱིས་མཛད་པའི་མན་ངག་གི་ཡི་གེ་གསར་རྙིང་