R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠ན
[A:༡༠ན]པུ་ཏྲ་མིང་སྲིང་ལ་སོགས་པ་ནས་བཟུང་སྟེ། དཀར་ཕྱོགས་ལ་དགའ་བའི་ཡི་དྭགས་མཐུ་བོ་ཆེའི་བར་ཡན་ཆད་དོ། །འོ་ན་མགོན་པོ་འདི་ཉིད་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ལ་བཞུགས་པ་ཡིན་པས་ཡེ་ཤེས་ཀྱི་མགོན་པོ་ཉིད་ཡིན་ནོ་སྙམ་ན། དོན་ལ་དེ་ལྟར་ཡིན་མོད། འོན་ཀྱང་ཡེ་ཤེས་ཀྱི་མགོན་པོ་སྟོན་པ་སངས་རྒྱས་རྣམས་ཀྱི་བཀའ་ཉན་ཞིང་བསྟན་པ་བསྲུང་བའི་ཚུལ་བཟུང་བས་ན་ཆོས་སྐྱོང་མགོན་པོར་བཞག་གོ །གནད་འདི་གོ་དགོས་སོ། །ལས་མགོན་རྣམས་ལ་ལྟོས་ཏེ་ཡེ་ཤེས་ཀྱི་མགོན་པོ་ཞེས་པའི་ཐ་སྙད་དུ་ཐོབ་པས། དེའི་དབང་དུ་མཛད་ནས་ཡིག་ཆ་འགའ་ཞིག་ལས་མགོན་པོ་འདི་ལ་ཡེ་ཤེས་ཀྱི་མགོན་པོ་ཞེས་བཤད་པ་ཡང་ཡོད་དོ། །རྣམ་དབྱེ་ཕྱེད་པར་གྱིས་ཤིག པུ་ཏྲ་སོགས་ཀྱི་ལས་མགོན་རྣམས་ལ་འཇིག་རྟེན་པའི་མགོན་པོར་བཤད་པ་ནི་སྒྲུབ་ཐབས་གསང་བ་ཡིད་བཞིན་ནོར་བུ་