R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༥བ
[A:༨༥བ]དྲང་པོ་ལ་སོང་། ནད་པ་ཡང་ཁམས་གསོས་ཏེ་དགའ་ཞིང་སྤྲོ་བའི་སེམས་ཀྱིས་ལ་མཐོན་པོ་དེ་བརྒལ་ནས་བྱོན། ཉི་མ་གསུམ་ཙམ་གྱི་བར་དུ་གསོལ་ཆས་ཅི་ཡང་མེད་པར་ནགས་གསེབ་ཀྱི་ལམ་གཅིག་ན་མར་བྱོན་པས། རྒན་མོ་མ་བུ་གཉིས་ཀྱིས་འབྲས་ཁུར་རེ་ཁུར་བྱུང་བ་དང་འཕྲད་པས། ཕྱག་གདེངས་ཏེ་སློང་བའི་བརྡའ་མཛད་པས་འབྲས་སྤར་བ་བཞི་ལྔ་ཙམ་ཕུལ་ཏེ་བསྐོལ་ནས་གསོལ་བས་ཁམས་གསོས་པར་གྱུར། དེའི་སྦྱིན་ལེན་དུ་བསྔོ་བ་གསུངས་ཤིང་། དགོངས་པ་ལ་རྒན་མོ་མ་བུ་གཉིས་ནི་མ་དང་སྲིང་མོའི་དོད་དུ་གྱུར་པས་དྲིན་ལན་དུ་མཆོད་རྟེན་བརྒྱ་ཙམ་འདེབས་དགོས་དགོངས་ནས། རྒན་མོ་ལ་ཁྱོད་ཀྱི་སྐྲའི་རྩེ་ནས་དུམ་གཅིག་བླང་གི་བརྡའ་མཛད་པས། རྒན་མོ་སེམས་ཤིན་ཏུ་དགའ་བས་ཁྱེད་ལ་དགོས་ན་སྐྲ་རངས་པ་ཁྱེར་ཅིག་བྱ་བའི་བརྡའ་བྱས། ཁོང་གི་ཆོས་ཁུག་ན་བ་སོའི་ཐུགས་རྗེ་ཆེན་པོ་ཚོན་གང་བ་གཅིག་ཡོད་པ་དེ་དང་མཆོད་རྟེན་བརྒྱ་རྩའི་དཔེ་