R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༥ན
[A:༨༥ན]གཅིག་གིས་ཐེབས་ཏེ་ཤི་ལ་ཐུག རང་ཉིད་ཀྱང་ཐུགས་མུག་ལུས་དུབ་ནས་མནལ་དུ་སོང་བའི་སྐབས་སུ། ཤི་སྐྱིད་ཀྱི་ཇག་པ་གསུམ་རྒྱུ་འགྲུལ་བྱེད་པ་དང་ཐུག་ཡོད་འདུག་པས། རྨི་ལམ་དུ་སྔར་གྱི་མཁའ་འགྲོ་མ་དེ་བྱོན་ནས། བུ་ལོངས་ཤིག་ནད་པ་ནི་མདང་ནུབ་ཀྱི་ཟམ་ཁར་ཆོས་ལ་མི་དགའ་བའི་གནོད་སྦྱིན་མོ་གཅིག་ཡོད་པ་དེས་བར་ཆད་བྱེད་པར་བརྩམས་པ་ཡིན་ཏེ། བདག་གིས་བཟློགས་ནས་ཡོད་པས་ནད་མྱུར་དུ་གསོས་པར་ཡོད། ད་འདིར་ཇག་པ་ད་ལྟ་འོང་བར་འདུག་པས་ལམ་ལོག་པ་ཞིག་ཏུ་སོང་ལ་དཀོན་མཆོག་ལ་གསོལ་བ་དྲག་ཏུ་ཐོབ་ཅིག་ཟེར་བ་དང་། དེ་མ་ཐག་བཞེངས་ཏེ་ནད་པ་ཕྱག་གིས་ཁྲིད་ནས་དཀོན་མཆོག་ལ་གསོལ་བ་འདེབས་ཤིང་གོམ་པ་བཞི་བཅུ་ཙམ་གྱི་སར་བྱོན་ནས་སླར་གཟིགས་པས། སྔར་གྱི་ཤུལ་ན་ཇག་པ་རྣམས་མཚོན་ཐོགས་ནས་སླེབས་འདུག་ཀྱང་དཀོན་མཆོག་དང་མཁའ་འགྲོ་མའི་བྱིན་རླབས་ཀྱིས་ཁོང་དཔོན་གཡོག་མ་མཐོང་བར་ལམ་