R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༢བ
[A:༧༢བ]བསྟན་པའི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་སྙིང་པོ་དང་མཁའ་འགྲོས་མངོན་སུམ་དུ་རྗེས་སུ་བཟུང་བའི་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིརྺ་པ་དང་། དེ་ཉིད་ཀྱི་སློབ་མ་གྲུབ་ཆེན་ཤར་ཕྱོགས་ནག་པོ་པ་དང་། པཎྜི་ཏ་ཆེན་པོ་ཨ་བྷ་ཡ་ཀ་ར་དང་། བླ་མ་རྡོ་རྗེ་གདན་པ་ཆེ་ཆུང་རྣམ་གཉིས་དང་། སློབ་དཔོན་བསོད་སྙོམས་པ་ཆེ་ཆུང་དང་། ཇོ་བོ་ནཱ་རོ་ཏ་པ་དང་། གྲུབ་ཆེན་ཡན་ལག་མེད་པའི་རྡོ་རྗེ་དང་། སློབ་དཔོན་ཀུ་ས་ལི་པ་དང་། སློབ་དཔོན་འཇམ་དཔལ་དབྱངས་དང་། སློབ་དཔོན་ལ་ལི་ཏ་བཛྲ་དང་། ཨཱ་ཙརྻ་ར་ཧུ་ལ་དམར་པོ་དང་། པཎྜི་ཏ་ནག་པོ་རོ་འཛིན་དང་། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི། པཎྜི་ཏ་དྷརྨཱ་པཱ་ལ་དང་། གཙོ་བོར་གྱུར་པ་ལྷོ་ཕྱོགས་བྷེ་དན་གྱི་ཡུལ་དུ་ནག་པོ་ཆེན་པོ་རང་ཉིད་ཀྱིས་མངོན་སུམ་དུ་ཞལ་བསྟན་ཅིང་རྗེས་སུ་བཟུང་ནས་གདམས་པ་གནང་བའི་གྲུབ་པ་མཆོག་གི་དབང་པོ་སློབ་