R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༩ན
[A:༦༩ན]ལ་ཆོས་སྐྱོང་གི་མན་ངག་རྣམས་གནས་དེ་ཉིད་དུ་གནང་བས། དེའི་ཚེ་རྡོ་རྗེ་གདན་གྱི་འཆམ་སྐུ་དངོས་སུ་བྱོན་ནས་དེ་ཀ་ལ་དངོས་སུ་བཀའ་བསྒོ་བ་མཛད། དེ་ནས་སློབ་དཔོན་ཤྲདྡྷ་མགོན་པོ་ཁང་དུ་སྤྱན་དྲངས་ཏེ་གསོལ་བ་བཏབ་པས་བླ་མ་དང་ནུས་པ་མཉམ་པ་བྱུང་། དུས་དེ་ནས་བཟུང་སྟེ་དུས་ཀྱི་གཏོར་མ་མཛད་རེས་ཀྱི་ཚེ་ཁོང་ཅན་དུ་འཆམ་སྐུ་དངོས་སུ་འབྱོན་པ་ཞིག་བྱུང་། ཆོས་སྐྱོང་གི་ནུས་པ་ཐོན་པས་ཕན་ཐོགས་དུ་མ་ཡང་བྱུང་། འཆམ་སྐུ་ཡང་ཕལ་ཆེར་ཁོང་ཅན་དུ་བཞུགས་ཤིང་། མན་ངག་སྟེར་བའི་ཚེ་མགོན་ཁང་དུ་སྤྱན་དྲངས་ཀྱིས་གནང་བ་ལེགས་གསུངས། སློབ་དཔོན་འདིས་ཆོས་སྐྱོང་གི་སྒྲུབ་པ་མ་མཛད་ཀྱང་ཆོས་སྐྱོང་ཉིད་ཀྱིས་ལུང་བསྟན་ཅིང་བྱིན་གྱིས་བརླབས་པས་ནུས་པ་ཕུལ་དུ་ཕྱིན་པ་མངའ། ལས་གང་དགོས་པ་ཆོས་སྐྱོང་གིས་སྒྲུབ་ཅིང་དུས་རྟག་ཏུ་མི་འབྲལ་བར་གྱུར། སློབ་དཔོན་གྱིས་ནག་པོ་ཆེན་པོ་སྤྱིའི་སྲུང་མ་