R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༥བ
[A:༦༥བ]སོ། །འཁོར་རྐྱང་མི་འདྲེན་པ་ཅི་ཞེས་ན། པུ་ཏྲ་མིང་སྲིང་གི་སྒོས་སྒྲུབ་ནི། གཙོ་བོར་སློབ་དཔོན་པདྨ་ལས་བརྒྱུད་པས་སོ། །ཞེས་གསུངས་སོ། ཆོས་རྗེ་མུས་སྲད་པས་མཛད་པའི་དཀར་ཆག་གི་ཡི་གེར། ཚོགས་བདག་གི་ཡི་གེ་རྙིང་པར་མགོན་པོའི་སྒྲུབ་ཐབས་གསུམ་སྦྱིན་ནས་འདི་སྒྲུབས་ཤིག་གསུངས་པས་འདི་འབྲིང་པོའོ་ཞེས་གསུངས་པས། དེ་ཉིད་འབྲིང་པོར་ངོས་བཟུང་། རྒྱས་པ་སྦགས་སྒྲུབ་རྣམས་དང་། བསྡུས་པ་རྗེ་བཙུན་གྱིས་མཛད་པར་གྲགས་པའི་ཕོ་རྐྱང་གི་ལས་བྱང་ཞེས་བྱ་བའི་གཏོར་ཆོག་གི་ཡིག་རྙིང་མཇུག་ཏུ་ལས་སྤངས་ཏེ་རྒྱུན་དུ་ཡི་དམ་དུ་བྱ་བའི་མན་ངག་གོ །ཞེས་འབྱུང་བའི་ཡི་གེ་ལ་ངོས་འཛིན་པར་མཛད། བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་གསུང་ལས་ལྕམ་དྲལ་སྦགས་སྒྲུབ་ཀྱི་སྟེང་དུ་ཚོགས་བདག་དང་། བཀའ་སྡོད་དུ་བསྒྲུབས་པ་གཉིས་བསྣན་པའི་གསུམ་ལ་ངོས་འཛིན་པ་རྗེ་ས་ཆེན་གྱི་ཚོགས་བདག་ལྟར་བསྒྲུབ་པའི་ཡི་གེའི་ཚིག་