R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦ན
[A:༦ན]སྲུང་མས་ནི། ཚེ་འདིར་དངོས་གྲུབ་ཕྲ་མོ་ཙམ་སྒྲུབ་པར་ནུས་ཀྱང་སྐྱེ་བ་ཕྱི་མ་ལོག་པའི་ལམ་ལ་སྦྱོར་བ་དང་། མི་དགའ་བ་ཅུང་ཟད་ཙམ་ལ་བརྟེན་ནས་ལུས་སྲོག་ལ་རྒོལ་བ་སོགས་ཉེས་དམིགས་ཆེ་ཞིང་། གནས་སྐབས་དང་མཐར་ཐུག་གི་དོན་མཐའ་དག་སྦྱིན་པའི་ནུས་པ་ཁོ་རང་རྣམས་ལའང་མེད་པས། བསྟེན་ཀྱང་དགོས་པ་ཆུང་བ་ཡིན་ཏེ། བོད་ཀྱི་མཁས་པ་དག་གིས། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་གསུངས། དེས་ན་འཇིག་རྟེན་ལས་འདས་པའི་སྲུང་མ་ཞིག་ཅིས་ཀྱང་བསྟེན་དགོས། དེ་ལའང་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་རྒྱུད་སྡེ་རྣམས་ནས་ཆོས་སྐྱོང་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་མདོར་བསྡུས་ཏེ་རྣམ་གྲངས་ཀྱི་ཚུལ་དུ་སྨོས་ན། དྲང་ངེས་ཀྱི་སྒོ་ནས་དབྱེ་བ། རྒྱུད་ཀྱི་སྒོ་ནས་དབྱེ་བ། ཕྱི་ནང་གི་