R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤ན
[A:༥༤ན]རྟེན་པའི་ཞལ་བཞི་པ་འཁོར་བཅས་ནི་དབང་ཕྱུག་ཆེན་པོ་འཁོར་བཅས་དང་། འཇིག་རྟེན་ལས་འདས་པའི་ཞལ་བཞི་པ་ནི་ཕྱག་ན་རྡོ་རྗེ་ཡིན་ནོ། །ཞེས་གཉན་མགོན་ཆེན་པོ་འདི་ཉིད་གདུལ་བྱ་དང་འདུལ་བྱེད་ཀྱི་ཚུལ་གྱི་དབང་ཕྱུག་ཆེན་པོ་དང་། ཕྱག་ན་རྡོ་རྗེའི་རྣམ་པར་འཕྲུལ་པ་ཡིན་པར་གསུངས་ལ། དོན་དེ་དག་དང་མཐུན་པར་ས་ལོ་འཇམ་པའི་རྡོ་རྗེའི་གསུང་ལས་ཀྱང་། བྱང་ཤར་ཧ་ཧ་རྒོད་པའི་དུར་ཁྲོད་དུ། །ཞིང་སྐྱོང་དབང་ཕྱུག་ཆེན་པོའི་རྣམ་འཕྲུལ་མཆོག །ཅེས་འབྱུང་བ་ཡིན་ཞིང་། ཡང་གུར་གྱི་མགོན་པོ་ཉིད་དང་ཐུགས་རྒྱུད་གཅིག་པར་ཡང་བླ་མ་དག་བཞེད་དེ། དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་མངའ་གསོལ་གྱི་ཡི་གེ་ལས། ཉིད་ཀྱི་ཐུགས་ལས་སྤྲུལ་པའི་སྲས། །མཐུ་ཆེན་ལྡན་པ་ཞལ་བཞི་ནི། །ཞེས་གསུངས་པས་སོ། །ཞིང་སྐྱོང་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་ནི་གསང་བ་སྙིང་གི་འཁོར་