R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢བ
[A:༥༢བ]བསྟོད་པ་ཏིལ་མར་ཞེས་གྲགས་པ། །ཇི་སྐད་བྱ་བའི་རྒྱུད་ཀྱི་ནང་ན་བཞུགས། །ལས་མགོན་རྣམས་ལ་རྒྱུད་ཀྱི་དངོས་བསྟན་གྱིས། །ཟིན་པའི་གསལ་བྱ་ཡོད་པ་ཨེ་མ་གཟིགས། །ཞེས་གསུངས་པ་དེ་དག་གི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །ས་སྐྱ་པའི་ཆོས་སྐྱོང་གུར་ཞལ་རྣམ་གཉིས་སུ་གྲགས་པའི་གཉན་མགོན་ཆེན་པོ་ཞལ་བཞི་བ་འདི་ནི། གསང་འདུས་རྩ་རྒྱུད་ལེའུ་བཅུ་བདུན་པར། དྲག་པོ་མི་སྡུག་ཁྲོས་པ་ནི། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །ཕྱག་ནི་བཞི་ལྡན་ཆོ་ག་ཡིས། །ཐོད་པ་འཛིན་པ་རྣམ་པར་བསྒོམ། །ཞེས་དང་། བདེ་མཆོག་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཧ་ཧ་རྒོད་པའི་དུར་ཁྲོད་དང་། །ཞིང་སྐྱོང་ལག་པ་བཞི་པ་ནི། །ཞེས་སོགས་ཀྱིས་བསྟན་པར་བླ་མ་འགའ་ཞིག་བཞེད་ཅིང་། གཉན་ལོ་ཙཱ་བས་བླ་མ་གནམ་ཁའུ་པ་དང་། ཉེ་གནས་དར་མ་སེང་གེ་ལ་གསུངས་པའི་གསང་བའི་ཞལ་གདམས་ཀྱི་ཡི་གེ་ལས། ཆོས་