R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢ན
[A:༥༢ན]གདན་གྱི་ཀ་བའི་འོག་ཏུ་སྦས་པར་བཤད་དོ། །དོན་གྱི་དབང་དེ་དག་ལ་དགོངས་ནས་རྗེ་ཚར་ཆེན་གྱིས་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། ལས་མགོན་གནོད་སྦྱིན་ཡབ་ཡུམ་རྣམ་གཉིས་དང་། །སྒོ་མ་བཞི་ཡི་སྐྱེ་རྒྱུད་བྱུང་ཚུལ་གྱི། །ཡིག་ཆ་དག་དང་ཟངས་གྲི་རྣམ་གསུམ་གྱི། །སྒྲུབ་ཐབས་རྒྱ་གཞུང་ཚད་ལྡན་གཟིགས་ལགས་སམ། །རྒྱུད་ཀྱི་སྐབས་སུ་མགོན་པོ་ལྷ་མོ་གཉིས། །རྡོ་རྗེ་གདན་གཞིའི་རྒྱུད་ལས་བསྟན་ཞེས་པ། །དེ་ལྟའི་ཚིག་རིས་གསལ་བ་ཇི་ལྟར་ཡོད། །མཐོ་དམན་ལེའུའི་རིམ་པ་གང་ནས་བསྟན། །དེ་བཞིན་མགོན་པོ་མངོན་པར་འབྱུང་བ་དང་། །མགོན་པོ་ཁྲོས་པའི་རྒྱུད་ཀྱིས་བསྟན་ཞེས་གླེང་། །དེ་དག་ནས་ཀྱང་ཚིག་གསལ་གཟིགས་གྱུར་ཏམ། །དུར་ཁྲོད་ནག་པོ་ཞེས་གྲགས་མགོན་པོའི་རྒྱུད། །མེ་ལྕེ་འབར་དང་གཤན་པ་ནག་མོ་དང་། །མ་མོ་སྲོག་གི་འཁོར་ལོ་ལྷ་མོའི་རྒྱུད། །འདི་དག་དག་གམ་མིན་ན་སྒྲུབ་བྱེད་གང་། །ལྷ་མོའི་