R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༣༨
[A:༣༨]པ་འོང་མི་སྲིད་པར་ཐག་བཅད་ཅེས་ཐོས་སོ། །དེ་ནས་སློབ་དཔོན་གཅེན་རིན་པོ་ཆེ་བསོད་ནམས་རྩེ་མོའི་ཞལ་སྔ་ནས། ངའི་དབུས་སུ་ཕྱིན་ནས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྡེ་སྣོད་དང༌། དབུ་ཚད་ཀྱི་རིགས་མཐའ་དག་ཉན་ནས་འོང་པས་ཁྱོད་ཀྱིས་ས་སྐྱར་སྡོད་ལ་བཤད་པ་གྱིས་ཤིག་ཅེས་རྒྱས་བཏབ་ནས་གཤེགས་སོ། །དེ་ལྟར་དགུང་ལོ་བཅུ་གསུམ་ནས་གསང་སྔགས་ཀྱི་གཞུང་གི་བཤད་པ་མཛད་ཅིང་བཞུགས་སོ། །གདམས་ངག་བླ་མའི་བཀའ་རྒྱ་ལོ་དགུར་མཛད་པ་ལ། ལོ་བཅུ་གསུམ་གྱི་བར་དུ་མ་གསུངས་ཞེས་གསུང་ངོ༌། །ཡང་
སྔར་གསན་པའི་ཆོས་རྣམས་འདྲིས་པར་བྱ་བའི་ཕྱིར་དང་འཇིག་རྟེན་གྱི་ལུགས་དང་མཐུན་པར་བྱ་བའི་ཕྱིར་
གཞུང་འཆད་པའི་བར་རྣམས་སུ་རང་གི་སློབ་དཔོན་གཞན་དང་གཞན་རྣམས་ལས་གཞུང་ལུགས་ཐ་དད་པ་དུ་མ་ཡང་གསན་ཏེ། དེ་ཡང་རྣལ་འབྱོར་བླ་ན་མེད་པ་ལ་དགེས་
བླ་མ་ཆེན་པོའི་དངོས་སློབ་སློབ་དཔོན་ཞང་གཅུང་པར་བཞུགས་པ་ལ།
པ་རྡོ་རྗེ་རྩ་བ་དང༌། བཤད་པའི་རྒྱུད་མཐའ་དག་དང༌། འགྲེལ་པ་སྒྲུབ་ཐབས་ཡན་ལག་དང་བཅས་པའི་བཤད་སྲོལ་མི་འདྲ་བ་དུ་མ་དང་བཅས་པ་དང༌། ཡང་བདེ་མཆོག་འཁོར་ལོ་རྩ་བ་དང་བཤད་པའི་
མཁའ་འགྲོ་རྒྱ་མཚོ་མ་གཏོགས་པའི།
རྒྱུད་ཡན་ལག་དང་བཅས་པ་མཐའ་དག་དང༌། དཔལ་གསང་བ་འདུས་པ་འཕགས་སྐོར་རྒྱུད་གསུམ་འགྲེལ་པ་ཡན་ལག་དང་བཅས་པ་དང༌།
སློབ་དཔོན་འཇམ་པའི་རྡོ་རྗེ་ཞེས་བྱ་བ་ལས།
ཡང་ཡེ་ཤེས་ཞབས་ཀྱི་སྐོར་ལ་རྒྱན་དང་ཛ་ཡན་ལ་སོགས་
ལར་ནི་རྒྱ་པོད་ཉི་ཤུ་རྩ་བདུན་གསན་གསུང་ངོ༌།
པ་ཡན་ལག་དང་བཅས་པ་དང༌། ཡང་
སུམྦྷ་ལོ་ཙཱ་བ་ཞེས་བྱ་བ་ལ་བླ་ཆེན་ལ་མ་གསན་པའི།
ཡེ་ཤེས་ཞབས་ཀྱི་བྱེ་བྲག་སྨན་པའི་ཞབས་ཀྱི་རྒྱུད་འགྲེལ་མན་ངག་དང་བཅས་པ་དང༌། ཞལ་གྱི་ལུང་ཡན་ལག་དང་བཅས་པ། ཐུགས་
རྣམས་དང་གཟུངས་གྲ་ལྔའི་གཞུང་བཤད་གདམས་ངག་དང་བཅས་པ་དང་བླ་མ་བ་རི་ལོ་ཙཱ་བའི་བཤད་སྲོལ་བླ་མ་ས་སྐྱ་པ་ཆེན་པོ་ལ་བརྒྱུད་པའི་འཕགས་པ་དཀོན་མཆོག་