R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༥༡
[A:༥༡]སུམ་ཚོགས་པ་ཐམས་ཅད་ཆོས་ཀྱི་རྗེ་ཆེན་པོ་ཉིད་ལས་རེ་བས་རང་གི་ལུས་དང་སྲོག་ཕངས་པ་ལན་བརྒྱར་བཏང་ཡང་ཡིད་ཚིམ་པ་མེད་ཅིང་བཀའ་དྲིན་མི་འཁོར་ཡང་རེ་ཞིག་བདག་ཅག་རྣམས་ཀྱི་སྟོབས་ཡོད་ཚད་དེ་ཙམ་ཞིག་ཏུ་བས་སོ། །དུས་དེའི་ཚེ་དེ་བཞིན་གཤེགས་པ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་དུ་ལོན་ཅེ་ན། འདི་ལྟར་སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་གནས་པ་ལ་ལྔ་བརྒྱ་པ་ཕྲག་བཅུར་འགྱུར་ཏེ། ལྔ་བརྒྱ་པ་དང་པོ་ལ་དགྲ་བཅོམ་པ་ཐོབ་པ་མང༌། གཉིས་པ་ལ་ཕྱིར་མི་འོང་བ་ཐོབ་པ་མང༌། གསུམ་པ་རྒྱུན་ཞུགས་ཐོབ་པ་མང་སྟེ་འབྲས་བུའི་དུས་གསུམ་མོ། །ལྔ་བརྒྱ་པ་ཕྲག་བཞི་པ་ལ་ལྷག་མཐོང་སྒོམ་པ་མང༌། ལྔ་པ་ལ་ཏིང་ངེ་འཛིན་སྒོམ་པ་མང༌། དྲུག་པ་ལ་ཚུལ་ཁྲིམས་ལ་གནས་པ་མང་སྟེ་སྒྲུབ་པའི་དུས་གསུམ་མོ། །བདུན་པ་ལ་མངོན་པ་ལ་སྤྱོད་པ་མང༌། བརྒྱད་པ་མདོ་སྡེ། དགུ་པ་ལ་འདུལ་བ་ལ་སྤྱོད་པ་མང་སྟེ་ལུང་གི་དུས་གསུམ་མོ། །དེ་ཡན་ཆད་བསྟན་པ་ཡང་དག་པའོ། །ལྔ་བརྒྱ་པ་ཕྲག་བཅུ་པ་ནི་རྟགས་ཙམ་འཛིན་པ་སྟེ། འདི་ལ་ལྔ་བརྒྱ་ཐ་མའོ་ཞེས་འབྱུང་སྟེ། དེ་མན་ཆད་དེ་བཞིན་གཤེགས་པ་འདིའི་བསྟན་པ་མི་འབྱུང་ངོ༌། །ལོ་དུ་ལོན་པ་ནི་སྤྱིར་རྒྱ་གར་གྱི་ལུགས་ལ་བྱི་བ་ལ་སོགས་པའི་མིང་བཏགས་པའི་བཅུ་གཉིས་སྐོར་དུ་བརྩི་བ་ནི་མེད། དཔལ་དུས་ཀྱི་འཁོར་ལོ་ནས་རབ་ཏུ་སྐྱེ་བ་ལ་སོགས་པ་དྲུག་ཅུར་བརྩི་བ་ཞིག་ཡོད་དེ་ཐམས་ཅད་ལ་ཐུན་མོང་དུ་མ་གྲགས་པས། ཕལ་ཆེ་བ་ལ་གྲགས་པ་རྒྱལ་པོ་ཆེན་པོ་དེ་དག་གིས་ལོ་ཚིགས་བརྩི་སྟེ། དེ་ཡང་འདི་ལྟར་རྒྱལ་པོ་བསོད་ནམས་ཅན་གྲགས་པ་དང༌། བསོད་ནམས་འདོད་པ་དག་གིས་མངའ་རིས་སུ་གཏོགས་སོ་ཅོག་གི་བུ་ལོན་རྒྱལ་པོས་སྦྱངས་ནས་སྔར་ཟོང་དུ་སྤྱོད་པ་དག་བོར་ཏེ། ཟོང་གསར་པ་ལ་རང་གི་མིང་གིས་བཏགས་ནས་སྤྱོད་པའོ། །དེ་ནས་བཟུང་སྟེ་རིམ་གྱིས་བརྩི་བ་ཡིན་ནོ། །འདིའི་གཏམ་ནི་ལུགས་ཆེན་