R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༨བ
[A:༣༨བ] སྣ་ཚོགས་པ་འཕྲོ་བ་དང། བར་མཚམས་སུ་རིན་པོ་ཆེ་བསམ་འཕེལ་ལྟ་བུའི་དབྱིབས་ཡོད་པའི་དར་གྱི་ལྟ་ལྟམ་འབབ་པ་དང། སྐབས་རེ་སྲིན་བལ་དངས་མ་རླུང་གིས་སྐྱོད་པ་ལྟ་བུས་ནམ་མཁའི་ཁམས་བྱིན་ཁྱབ་ལ། དེའི་བསེབ་ལ་ལར། མེ་ཏོག་དང་ལྷ་མོ་དང་། ཉི་མ་དང། ཟླ་འོད་འཕྲོ་པ་བར་དབུས་སྤྲས་པ་དང། སྐབས་རེ་འཇའ་ཚོན་ཁ་དོག་སྣ་ཚོགས་པ། ཤིན་ཏུ་བཀྲ་བ་དབྱིབས་ར་དུང་ལྟ་བུ། ཕྱོགས་བཞི་ནས་བརྒྱུད་པ་ལྟ་བུ་བྱུང་ཏེ། དེའི་དུས་ཐག་རིང་པ་ན་ཡོད་པ་རྣམས་ཀྱིས་གཟིམས་ཁང་ན་ཟུག་པར་མཐོང་པ་བྱུང། སྐབས་རེ་ན་འཇའ་འོད་དེ་ལྟ་བུ་ཕྱོགས་མཚམས་ཐམས་ཅད་ནས་ཟུག་པ་ལྟར་སྣང་ལ། བརྟགས་འདི་ལ་དཔགས་ན། སྐུ་ཚེ་བཏིང་མ། བདེ་བ་ཅན་དུ་ངེས་པ་མེད་པར། ཞིང་ཁམས་མཐའ་ཡས་པ་རྣམས་སུ། སྐུའི་སྤྲུལ་པ་མཐའ་ཡས་པས། གདུལ་བྱ་མཐའ་ཡས་པ་རྣམས་ཀྱི་སྐལ་བ་དང་མཚམ་པར། གང་ལང་གང་འདུལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ཕྲིན་ལས་མཐའ་ཡས་པས་སེམས་ཅན་གྱི་དོན་གསོལ་བ་ཇི་ལྟར་བཏབ་པ་བཞིན་འབྱུང་བ་ཡིན་པར་གོ་ལགས། བདེ་བ་ཅན་དུ་འབྱོན་པར་འདུག་གསུངས་པ་འདི། བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་ལ་དགོངས་ནས་གསུང་བ་ནི་འདི་ལྟ་ཏེ། ཞིང་དེར་མགོན་པོ་འོད་དཔག་ཏུ་མེད་པའི་སྲས་ཀྱི་ཐུ་བོར་འགྱུར་ཞིང། དེར་མ་ཟད་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང། གང་གཱའི་རླུང་གི་བྱེ་མ་སྙེད་དུ། བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོ་མཛད། བསམ་གྱིས་མི་ཁྱབ་པའི་རྣམ་འཕྲུལ་རྒྱ་མཚོའི་སྤྲིན་གྱིས། སྤྲོ་བ་དང་སྡུ་བའི་ཚུལ་ཟབ་ཅིང་རྒྱ་ཆེ་བས་ཀུན་ཏུ་རོལ་བར་མཛད་དེ། རྒྱུ་མཚན། ཕྱོགས་བཅུའི་འཇིག་རྟེན་ཁམས་གཞུགས་པ། དུས་གསུམ་དུ་ནི་མངོན་ཕྱག་འཚལ། ཅེས་བཤད་པ་དང། རྟག་པར་ཏིང་ངེ་འཛིན་གྱི་བདུད་རྩི་ལ་རོལ་བས་ཁམ་ཟས་ལ་