R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༨ན
[A:༣༨ན] ཞེས་གཤེགས་ལ་འདུད། དེའང་འདི་སྐད་ཐོས་ཏེ། ད་ཚེ་འདིའི་བྱ་བ་ཚར་ཞེས་ནི་ཡང་ཡང་གསུང་ལ། ཆུ་མོ་གླང་གི་ལོའི་དཀར་ཕྱོགས་ཀྱི་ཚེས་གསུམ་གྱི་ཉིན། སྒམ་པོ་རིན་པོ་ཆེའི་བསྙེན་རྫོགས་མཛད། དེའི་རྗེས་ལ་ཅུང་བསྙེལ་བའི་ཚུལ་བསྟན། དེའི་ཚེས་བཅུ་དྲུག་གི་ཞོགས། སློབ་དཔོན་པའི་ཕྱག་ཏུ་སྔར་འཕགས་པ་ཤིང་ཁུན་གྱི་ཞིག་བསོས་དུས་སྲོག་ཤིང་དཀྱིལ་ནས་འཕྱུགས་པའི་རིང་སྲེལ་གྱི་ཕུང་པོ་གཅིག་ཡོད་པ་དེ་གཏད། དེ་སྔ་ངས་བདག་ཏུ་བཟུང་པ་འདི་ཡིན། གཞན་གང་ཡོད་ཁྱོད་རང་ལ་གསལ་གསུང་བ་དང། གཞན་ཡང་དུས་ཕྱི་མ་འདི་ལྟར་གྱིས་གསུང་པ་དང། བཀའ་ཞིབ་རྒྱས་གནང་གཞེད་དང། སློབ་དཔོན་པ་བྲེལ་པ་ཆེས་གསན་མ་ཁོམས་པར། བཀའ་འདི་བྱུང་ནམ་ཞིབ་པར་མི་གནང་ལ། དེ་ཉིན་ནས་དཀར་ཕིགས་འོག་ཏུ་གཞུགས་པ་མཛད།་སང་ཉིན་ནས་སྐུ་ལུས་ལ་སྣམ་སྦྱར་གཞེས། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་ཐུགས་དམ་གྱི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐང་ཀ་གང་ཡོད་བཀྲམ། དབུ་རྒྱན། རྡོར་དྲིལ། ནང་མཆོད། བུམ་པ་སོགས། དབང་ཆས་ཚང་མ་བཤམས་ཏེ། ཡིད་དམ་ལྷའི་བསྒྲུབ་མཆོད། བདག་འཇུག་གཞེས་པ། སྐབས་སུ་མཆོད་བཤོམས་ཡང་ཡང་གིས་གསུང། འཕེན་པ་ཤམ་བྷ་ལར་བཏང་བ་ཡིན་ནའང། བདེ་བ་ཅན་དུ་སྐྱེ་བར་འདུག་ཅེས་ཀྱང་གསུང་ནས། ཚེས་ཉི་ཤུ་ལ་ཞི་བ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་པའི་ཚུལ་བསྟན་ཅིང། ཞག་བདུན་ལ་དགེ་སྦྱོར་མ་གྲོལ་ན། དབུག་ཡུན་རེ་རིང་གཅིག་ཡོང་གསུང་བ་བཞིན། ཞག་སུམ་བཅུ་རྩ་དྲུག་གི་བར་ཐུགས་དམ་མ་གྲོལ་པར། དེའི་རིང་ལ་ནམ་མཁའ་ནས་མེ་ཏོག་གི་ཆར་ནི་རྒྱུན་ཆགས་སུ་འབབ་ལ། དྲི་བཟང་པོའི་ངད་ཀྱིས་ལུང་པ་བྱིན་ཁེངས་པ་དང། ས་གཡོ་བ་དང། ནམ་མཁའ་ལ་འཇའི་གུར། འོད་ཟེར་ཁ་དོག་