R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༧ན
[A:༣༧ན] བྱུང་ནས་བསྟན་པ་སྐྱོང་ཀྱང་སྲིད། དུས་ཚོད་མར་འགྲིབ་དུ་སོང་བའི་ཕྱིར། དེ་ཡང་ངའི་ཕྲིན་ལས་ཙམ་མི་འབྱུང། རན་ཙམ་འབྱུང་གསུང།
ལུང་སྟན་
པའི་སྐུ་སྐྱེ་བྱོན་པ་ནི་དེ་ནི་ལེགས་པ་ཡིན་ལ། དེ་ཡང་རྟིང་མ་སྤྲུལ་པའི་སྐུ་འདས་ནས་ནི། གོང་ལོ་བདུན་པ་ལ། དུས་གསུམ་མཁྱེན་པར་གྱུར་པ་ན། ལྷ་འདྲེ་རྣམས་ལ་ཆོས་ཀྱང་བསྟན། ཀརྨ་པ་རུ་གྱུར་པ་ན། ཀླ་ཀློ་མ་དད་ཆོས་ལ་རྩུད། རང་བྱུང་རྡོ་རྗེར་གྱུར་པ་ན། ཕྱི་ནང་གསུངས་རབས་ཀུན་ལ་མཁས། རོལ་པའི་རྡོ་རྗེར་གྱུར་པའི་ཚེ། མངོན་ཤེས་ཐོགས་པ་མེད་པ་ཡོད། དེ་ནི་གཤེགས་པར་གྱུར་པའི་ཚེ། ཆོས་དབྱིངས་ངང་ལ་གཡོ་བ་མེད། རྒྱལ་པོ་ཆོས་ལ་མཛུད་མི་ཡིན། ང་བྱིས་པ་མགོན་པོའི་སྤྲུལ་པ་ཡིན། བོད་ཁམས་ཀུན་གྱི་བདག་པོ་ཡིན། ཞེས་ཞལ་གྱིས་གཞེས་པའི་སྤྲུལ་པའི་སྐུ་དེ་གཉེིས་ཀྱིས་ཐོག་དྲངས་པའི་གྲུབ་ཆེན་རྣམས་དང། དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ། བཀའ་རྒྱུད་པ་རྣམས་ཀྱི་གཙུག་གི་ནོར་བུ། རྗེ་སྤྱན་སྔ་རིན་པོ་བསོད་ནམས་གྲགས་པ་དང། ད་ལ་བ་དང། བསོད་ནམས་བཟང་པོ་དང། བསོད་ནམས་རྒྱལ་མཚན་པ་དེ། རིན་པོ་ཆེ་རྣམ་པ་བཞིས་ཐོག་དྲངས་པའི། སྐྱེས་ཆེན་ཚོགས་གཉིས་ཀྱི་འབྲུས་ལ་ལོངས་སྤྱོད་པ་རྣམས་དང། མཁས་པར་གྲགས་པ་དང། བཟང་རྩུན་དུ་གྲགས་པ་དང། བསྒྲུབ་པའི་རྒྱལ་མཚན་མཛུགས་པ་རྣམས་དང་། ཐོས་པ་ལྷུར་ལེན་པ་དང། བསྒྲུབ་པ་ལྷུར་ལེན་པ་དང། ས་ལ་དབང་སྒྱུར་བའི་ཆེ་བར་གྲགས་པ་བྱིན་གྱིས་ཞབས་ཀྱི་པདྨོ་ལ་འདུད་པར་མཛད་པ་ཡིན་ལ། ཡུལ་གྱི་སྐལ་བ་དང་ལྡན་པ་དང་སྐལ་བ་དང་མི་ལྡན་པ་ནི་མ་ཡིན་ནོ། སྔོན་བཅོམ་ལྡན་འདས་བ་ར་ན་སེར། ལོ་བཅུ་གཉིས་གཞུགས་པ་ན། སངས་རྒྱས་དང་དེའི་ཉན་ཐོས་ཀྱི་གཟུགས་བརྙན་ཙམ་