R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༥ན
[A:༢༥ན] ནས་བྱོན་པས། ཡིན་པར་ངོ་མཁྱེན། དེ་ནས་ཡུམ་དང་ཕྲལ། རྟོགས་ལྡན་ཤག་འོད་པ་བུ་རྫི་ལ་བཀོས་ཟླ་བ་གཉིས་སོང་པ་ན། རྟོགས་ལྡན་པའི་དོག་པ་ལ། འདི་ངའི་བླ་མ་དེ་ཡིན་ན་དང་། ཞབས་ཏོག་བྱེད་རིན་ཆོག། གལ་ཏེ་མིན་ན། ང་རྟགས་ལྡན་རྒད་བུ་གཅིག་འདི་འདྲ་གཅིག་ཏུ་གཞག་ནས་སྙམ་པ་བྱུང་པ་དང། བུ་ཆུང་གིས་མཁྱེན་ཏེ། ཧེ་གསུང་ནས་ཉི་གྲིབ་མཚམས་ལ་གཟིམས་ཡོད་པ་དེ་ཧོར་གྱིས་གཞེངས། ཡར་རྒྱུའི་གྱང་ལེབས་གཅིག་ལ་ཞབས་ས་ལ་མ་རེག་པར་འབྱོན་གིན་འདུག་པ་དང། ཐུགས་འུར་ནས་དེ་ཅི་ཡིན་ནམ། ཞུས་པ་ན། འགྲོ་བ་ཡིན་མོད་གསུང། ཁྱོད་སུ་ཡིན་བྱས་པས། ཤངས་ལ་འཛུབ་མོ་བཙུགས་ནས་ཀརྨ་སྤ་ཤི། རང་བྱུང་རྡོ་རྗེ། རོལ་པའི་རྡོ་རྗེ། དུས་གསུམ་མཁྱེན་པ་གསུང་ནས་།་གཟིམས་སོང་སྐད། འདི་རྟོགས་ལྡན་ཤག་འོད་པས་རྗེ་རིན་པོ་ཆེ་ལ་དངོས་སུ་ཞུས་པར་གདའ། དེའི་དོན་ནི། ལྟམས་ནས་བསིལ་ཟེར་བྱེད་པ་བཞི་པ་ལ། དུས་གསུམ་མཁྱེན་པ་ཀརྨ་སྤ་ཤི་དང། རང་བྱུང་རྡོ་རྗེ་རོལ་པའི་རྡོ་རྗེ་ཞེས། གསལ་བར་ཞལ་གྱིས་གཞེས་ལ་ཕྱག་འཚལ་ལོ། ཞེས་སོ། དེ་ནས་གུང་ལོ་ལྔ་གཞེས་པའི་དུས། ཆོས་རྗེའི་དྲུང་ནས། སློབ་དཔོན་ཆེན་པོ་བུའི་ཡབ་ཡུམ་པའི་དྲུང་ནས། ཉེ་གནས་ཀྱི་གཙོ་མཛད། རྟོགས་ལྡན་ཡེ་ཤེས་དཔལ་བ་སོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་དང། ཚུར་ཕུ་དང་ཀརྨའི་རིན་པོ་ལ་སོགས་པ། གདན་ས་གོང་འོག་གམ་བླ་མ་ཆེ་བཙུན་རྣམས་དང། གཞན་ཡང། ང་ཆེ་ང་བཟང། ང་བཙུན་གྱི་སྐྱེས་ཆེན་མང་པོ་འཚོགས། དེ་ཐམས་ཅད་རེ་རེ་བཞིན་ངས་བླ་མ་གང་ན་ཡོད་ཞུས་པ་ན། ཉི་མ་ནུབ་ཕྱོགས་ན་ཡོད། ད་ལྟ་ཞལ་ཡང་ང་རང་ལ་བསྟན། ནམ་ཟའང་འདི་འདྲ་གསོལ་གསུང་ནས། ཚམ་ཚེ་མགོ་འཇུག་བློག་ནས་གཞེས། མཚན་ཡང་བསོད་ནམས།