R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༧ན
[A:༧ན] ལ་ཤོག་གུ་བཞི་རེ་བཟུང་པས་ཆོས་ཐོགས་སྔ་མ་འབྲེལ། དཔྱིད་ཆོས་རྟིང་མ་ལ་རྣམ་ངེས་ཀྱི་ཊི་ཀ་འདིར་མགོན་པོས་མཛད་པ་བཟུང་པས་འབྲེལ་སྟེ། སློབ་དཔོན་ཀྱང་ཤིན་དུ་གཉེས་ཆོས་འཁོར་གྱི་དུས་སུ་སྒྲོ་གླེང་བཟང་པར་གྲགས། དབུས་གཙང་གཉིས་སུ་བདེ་བ་ཅན་པའི་གྲལ་བསྐོར་བ་མཛད། ཐམས་ཅད་ཀྱི་གྲལ་གཤམས་སུ་བཞུགས་དགོས་པ་བྱུང། དགོངས་པ་ལ་ད་བཟོད་དཔལ་ལྡན་ས་སྐྱ་པའི་གྲལ་སྐོར་བ་གཅིག་བྱས་ནས་གྲྭ་སྐོར་བ་བྱིན་གྱི་གྲལ་མགོར་བ་དོད་པ་གཅིག་བྱེད་དགོས་དགོངས་ནས་གཙང་ལ་བྱོན། བུ་སྟོན་རིན་པོ་ཆེའི་དྲུང་དུ་ཕར་ཕྱིན་ཚར་གཅིག་ཞུ་བ་དེ། ད་ཞག་གཙང་འཁོར་ནས་ཞུ་དགོས་པར་འདུག་དགོངས་ཏེ། ཡར་ལམ་མ་ཞུས་ས་སྐྱར་ཕེབས་ནས། བྱང་པ་ཏ་དབེན་པ་སྐུ་མཆེད་ཀྱིསབདག་རྐྱེན་མཛད། ཆོས་རྗེ་ཉ་དབོན་ཀུན་དགའ་དཔལ་བ་མཇལ་རྣམ་འགྲེལ་གྱི་གཞུང་བཟུང་ནས། ཁོང་པས་མཛད་པའི་རྣམ་འགྲེལ་གྱི་ཊི་ཀ། དེབ་བཅུ་གཉིས་ཉིན་པར་བྲག་ཟུར་གཅིག་ཏུ་བཞུགས་པས། མཚན་པོ་ཆུ་སྲོལ་ལ་རྡོ་རྩུགས་ནས་དེའི་སྟེང་དུ་བཤར་སྦྱང་མཛད། བཞེངས་པ་དང་དམར་ཐོམ་ལང་སྟེ་འགྱེལ་ནས་དྲན་མེད་དུ་སོང་པ་མང་པོ་བྱུང། སློབ་གཉེར་གྱི་འདོད་པས་ལུས་པོའང་གཅོང་གིས་ཁྱེར། དུས་ཕྱིས་མཁན་སྐེད་ལ་ཆུ་ཐིགས་ཐིགས་འཐིག་པ་འདྲ་བའི་གྲང་ལྷང་ལྷང་ཡོད་པ་བྱུང། ཆུ་ཆེན་གང་ཡོད་ལ་མ་ཕྱི་པ་དང། ཁོག་སྨད་དུ་བདེ་རྩ་དང། སྟར་ཁ་མ་བྱས་པ་མེད་གསུང། དེ་ནས་ཡོད་པ་གཅིག་དེབ་བརྒྱད་མ་གཅིག་དེབ་བཞི་མ་གཅིག་རྣམས་ཡོད་པའི་དེབ་བརྒྱད་མ་དེ་བཟུང། དེའི་དུས་ན། དེབ་བཅུ་གཉིས་ཡོད་པ་དེ། འཕྱུག་མོ་སྟོན་པ་བྱ་བ་གཅིག་དང། མི་ཉག་གཅིག་གིས་དེབ་བརྒྱད་མ་བཟུང་བ། རྗེ་པ་དང་གཞན་མ་བདུན་ཡོད་གསུང། ཉ་དབོན་པའི་ཆོས་གྲྭ་ན་གྲྭ་པ་བཞི་བརྒྱ་ཙམ་ཡོད་པའི་ཐལ་འགྱུར་འཕེན་པ་ལ་བཟང་པར་གྲགས། མཁེན་བརྩོན་འགྲུས་དཔལ་བ་དེ་དུས་ན་ཉ་དབོན་