R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༦བ
[A:༦བ] འཁྱོལ་འདུག། ཁོས་ང་ལ་ཇ་ནག་དུམ་གཅིག་དང། ཆ་རྒྱུ་གཅིག་བྱིན། ཉིན་གཅིག་དཔེ་ཆ་བཟུང་པ་ལ་ཁེ་དེ་ཆེ་བ་བྱུང་གསུང། འོན་ཀྱང། ངའི་ཤེས་རབ་འདི་ལ་སློབ་དཔོན་ཤག་ཡོན་གྱི་འཛིན་དེ་འདྲ་གཅིག་ཡོད་ན། ང་ལ་དགེ་བཤེས་གཅིག་བྱར་སྟུབ་པ་ཡོད་དེ། ཅེས་ཀྱང་གསུང་ངོ། དེ་ནས་བདེ་བ་ཅན་དུ་ཚུལ་བཟང་པོ་ཡོད་པ་ལ་སྐད་ཉན་བྱས་སློབ་དཔོན་གཉིས་ཀྱི་གསེར་ཞོ་ཕྱེད་དེ་བྱིན། ང་རང་ལ་ཞོ་ཕྱེད་པ་དང། གྲོགས་གཅིག་གིས་གཞི་ནི་བྱིན་དེ་ལ་རྟེན་ནས། དགེ་དགོངས་པང་ཤེས་སེང་གེའི་དྲུང་དུ་ཕེབས། ཁོང་པ་ཆོས་གསུང་པ་དང་ཐུག། སངས་རྒྱས་རྣམས་ལས་ལྷག་པར་བྱས། དེ་ལས་དགེ་བའི་རྩ་བ་བསྐྲུན། དགེ་བའི་བཤེས་ཀྱིས་མགོན་བྱས་པ། འདི་ཉན་པ་ཡི་སྣོད་ཡིན་ནོ། ཞེས་གསུང་པའི་ཆོས་འཚམས་ན་འདུག་པས་ཤིན་དུ་མཉེས། གཉག་ཕུ་དཔོན་སྟོང་ལོག་མི་བྱེད་པ་འདུག་གསུང། དེའི་གུན་དེ། ཕར་ཕྱིན་དང་རྣམ་ངེས་བསན། དགོངས་རི་ལུང་མ་ཆགས་པ་དང། ཆོས་གསན་པ་མ་ཆག་པ་གཞུང་འགྲེལ་གཞན་རྣམས་ལའང་གཟིགས་རྟོག་རེ་རྩམ་མ་རྟོགས་ཊི་ཀ་མ་བཟུང། གྲོགས་པོ་གཅིག་ཡོད་པ་དེ་དང་མིག་མངས་ཀྱི་རྩེད་མོ་རང་མཛད་དེ། སྐབས་རེ་ན་ཊི་ཀའི་ཚལ་གནག་གི་འཚམས་སུ་འདིར་གཅིག་བྱུང་ན་གྱ་འཆགས་པར་འདུག་དགོངས་པའང་བྱུང། དེའི་ཚེ་གཉག་དབོན་འདི་རྩེ་མོ་རང་ལ་ཡན་ནས། སློབ་གཉེར་མི་བྱེད་པར་འདུག། འདིའི་གྲོགས་པོ་བསམ་ཕུ་ན་ཡོད་པ་རྣམས་ལའང་ངོ་ཚ་ཟེར་བ དགེ་དགོངས་པ་ལ་བཞན་དག་གིས་ཞུ་བ་བྱུང་། དགུན་ཆོས་ཀྱི་བཞུག་སྟོར་ཇ་གཅིག་གི་སྟེང་དུ། གཉག་ཕུ་དབོན་པོ་དང་གཅིག་ལོངས་ལ་སྒྲོག་གླེངས་བགྱིས་གསུང་ནས་མཛད་པས་ཤིན་དུ་བཟང་པར་བྱུང་ནས་སྐད་མ་ཐོགས། ཇ་དེ་གྲོལ་ནས། གཟིམས་ཆུང་དུ་ཁྲིད། དཔེ་ཆ་གཤོར་གསུངས་པས་ཚིག་གཅིག་ཀྱང་གཤོར་རྒྱུ་མེད་དེ་ལ་སྐྱོན་པ་མང་པོ་མཛད། སོས་འདི། དཔལ་ལྡན་བླ་མ་དམ་པས་ཆོས་འཁོར་མཛད་པ་ཡིན། ཁྱོད་ཀྱིས་ཁྱོད་རང་དུ་མ་ཟད། གྲྭ་པའི་ཡང་ཞབས་འདྲེན་པར་འདུག་གང་ལྟར་
ན་
ད་འབུངས། ད་བཟོད་ང་གཞུང་ལས་ལ་ཡོང་པས་ཐབས་གཅིག་བྱེད་དགོས་ཡོང་གསུང་ནས། ཐུགས་ལོག། དེ་ལ་ཤིན་དུ་བདེན་དགོངས་ནས། དཔྱིད་ཆོས་སྔ་མ་མ་འབུངས་པས། ཕར་ཕྱིན་གྱི་བུ་ཊིག་གི་ཉི་མ་རེ་