R1116: ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག

  • Pagination (Witness A): 533
[A:533]ཞུས་པའི་ཆོ་ག གོས་སྔོན་པོ་ཅན་གྱི་གཏོར་མའི་ཆོ་ག་རྣམས་དང༌། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས༑ སློབ་དཔོན་ས་པ་རི་པས་མཛད་པའི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྣང་བ། ཨུརྻན་གྱི་སློབ་དཔོན་ཨ་མོ་གྷ་སིདྡྷིས་མཛད་པའི་ཕྱག་ན་རྡོ་རྗེ་གཏུམ་པོ་སྒྲུབ་པའི་ཐབས། བྲམ་ཟེ་པ་ར་མ་ཏིས་མཛད་པའི་རྣམ་འཇོམས་ཀྱྀ་སྦྱིན་སྲེགས་བ་རི་པས་མཛད་པའི་རྡོ་རྗེ་ཁྲོ་བོས་གསད་པའི་ཆོ་ག་རྣམས་ཐོས་ཏེ། དེ་ལྟར་ན། འཇམ་དཔལ། ཐུགས་རྗེ་ཆེན་པོ། སྒྲོལ་མ་སྟེ་ཞི་བ་གསུམ་དང༌། མི་གཡོ་བ། ཕྱག་ན་རྡོ་རྗེ། རྡོ་རྗེ་རྣམ་འཇོམས་ཏེ་ཁྲོ་བོ་གསུམ་ལ་ལོ་ཙཱ་བའི་ཆོས་དྲུག་ཏུ་གྲགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས། འཇམ་པའི་རྡོ་རྗེ། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ལི་ལ་བཛྲ། སཱུ་པུ་ར་བ༑ ཤྲཱི་སེ་ན་པ། ཨ་བ་ལི་ན་པ། གུ་ཎ་སམྦྷ་ཝ་བྷ་དྲ། ཝཱ་གཱི་ཤྭ་ར་ཀཱིརྟི། དེ་ཝ་ཨཱ་ཀ་ར་ཙནྡྲ། ཨ་མོ་གྷ་བཛྲ། ལོ་ཙཱ་བ་ཤེས་རབ་བླ་མ། སྲས་དགེ་འདུན་བཟང་པོ། དེའི་སྲས་གཅེན་གཙང་འོད། གཅུང་རྡོ་རྗེ་རྩེ་མོ། དེའི་དབོན་པོ་དབི་རིལ་བ་ཉི་མ་འོད། དེའི་སྲས་ཨཱརྱ་དེ་ཝ། ཀློག་སྐྱ་དབང་ཕྱུག་གྲགས་པ་རྣམས་ལས་བརྒྱུད་ནས། འཕྲུལ་འཁོར་གྱི་སྔགས་ཀྱི་རིམ་པ་ལི་ལ་བཛྲས་མཛད་པའི་སྦས་པའི་སྤྱོད་པ་བསྡུས་པ། ཤེས་རབ་བླ་མ་ཉིད་ཀྱིས་མཛད་པའི་ཐིག་གི་ཆོ་ག་ཉི་ཤུ་པ་ལི་ལ་བཛྲས་མཛད་པའི་ལས་ཀྱི་རིམ་པའི་མན་ངག དེ་ཉིད་ཀྱིས་མཛད་པའི་རྣམ་པར་འཕེལ་བ་ཞེས་བྱ་བའི་མན་ངག ཨ་མོ་གྷ་བཛྲས་མཛད་པའི་ཚིགས་སུ་བཅད་པ་བཅུ་པ་དེ་ཉིད་ཀྱིས་མཛད་པའི་ཞི་བའི་སྦྱིན་སྲེག་རྒྱས་པའི་སྦྱིན་སྲེག ཡང་སྦྱིན་སྲེག་གི་རྣམ་གཞག དེ་ཝ་ཨཱ་ཀ་ར་ཙནྡྲས་མཛད་པའི་རིམ་པ་བཞིའི་བྱེ་བྲག་བསྟན་པའི་མན་ངག