R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 166
[A:166]ཞབས། མར་མེ་མཛད་ནས་རིམ་པར་བརྒྱུད་དེ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ཁ་ཆེའི་པཎྜི་ཏ་ག་ཡ་དྷ་ར། པཎྜི་ཏ་བི་ན་ཤྲཱི། དེ་ལ་གོ་པ་ལའི་ཕོ་བྲང་དུ་ཁམས་པ་རྡོ་རྗེ་དཔལ་གྱིས་ཞུས། དེ་ནས་ཀཱིརྟི་ཤྲཱི། ཀུན་མཁྱེན་གངས་ཁྲོད་པ་མན་ས་ལུགས་བཞིན་ནོ། ༈ །མི་བསྐྱོད་པའི་རིགས་དྲག་པོ་རྣམ་གསུམ་འདུལ་བ་ཞེས་བྱ་བ་ལེའུ་གསུམ་པ་ནས་གསུངས་པའི་དཀྱིལ་འཁོར་བཞི་ལས། གྲུབ་ཆེན་ཛ་བ་རི་པའི་ལུགས་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་དབང་གིས་ཆེ་བ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་ཡི་གེ་ནས་དབང་བཞི་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། གྲུབ་ཆེན་སཱ་ཝ་རི་པ། པཎ་གྲུབ་ཛཱ་ཝ་རི་པ། བལ་པོའི་པཎྜི་ཏ་དེ་ཝ་པུརྞ་མ་ཏི། འགར་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་སྒང་བུ་བ་ཆོས་ཀྱི་རྒྱལ་མཚན། དམར་ཤེས་རབ་རྡོ་རྗེ། དམར་ཐུབ་པ་ཤེས་རབ། དམར་བརྩོན་འགྲུས་རྡོ་རྗེ། དམར་ཆོས་ཀྱི་རྒྱལ་པོ། དམར་ཤཱཀྱ་གྲུབ་པ། བླ་མ་གྲགས་པ་དཔལ། བླ་མ་ཚུལ་རྒྱལ་བ། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། མཁས་གྲུབ་དགེ་ལེགས་དཔལ་བཟང༌། གྲུབ་ཆེན་བཟང་པོ་རྒྱལ་མཚན། རྗེ་ངག་དབང་བློ་གྲོས། དམར་སྟོན་ཚུལ་ཁྲིམས་རིན་ཆེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། དྲུང་པ་ལྷའི་བཙུན་པ་བསོད་ནམས་དཔལ་བཟང༌། ཤར་ཆེན་ནམ་མཁའ་རྒྱལ་མཚན། བྱང་མ་ཁང་གསར་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ། ཞང་ཕྲིན་ལས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཞབས་དྲུང་ངག་དབང་བསྟན་འཛིན་ཕྲིན་ལས། དེས་བདག་གོ །ཡང་ན་དམར་ཆོས་ཀྱི་རྒྱལ་མཚན་ནས། སྒང་སྟོན་རིན་ཆེན་བླ་མ། སྒང་སྟོན་ཤེས་རབ་འབུམ། གྲུབ་སྟོན་ཤེས་རབ་འབུམ།