R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 161
[A:161]བཟང༌། བྱང་ཆུབ་ཆེན་པོ། བསམ་གཏན་འོད་ཟེར་མན་འདྲའོ། །
༄༅། །དེ་བཞིན་གཤེགས་པ་བྱ་རྒྱུད་པདྨའི་རིགས་གཙུག་ཏོར་གདུགས་དཀར་ལྷ་བཅུ་བདུན་གྱི་དབང་ཤཱཀྱ་དཔལ་བའི་དཀྱིལ་ཆོག་སྟེང་ནས་སྩལ་བའི་རྩ་བའི་ལྷ་བཅུ་བདུན། འཁོར་ཡབ་ཡུམ་རྒྱལ་ཆེན་བཞི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། རྒྱུ་སྐར་ཉེར་བརྒྱད། གཟའ་བརྒྱད། འཇིགས་བྱེད་དགུ་རྣམས་ཀྱིས་བསྐོར་བའི་རྡུལ་ཚོན་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། ཛེ་ཏ་རི་པ། རྡོ་རྗེ་གདན་ཆེ་བ། ཆུང་བ། བ་རི་ལོ་ཙཱ་བ། དྷ་ན་སྐྱུ་ར་ཨ་སྐྱབས། གྲགས་པ་རྒྱལ་མཚན། སྟོད་ལུང་པ། གད་སེར་པ། རྒན་མོ་ལྷས་པ། ཡེ་ཤེས་རིན་ཆེན། རིན་ཆེན་རྒྱལ་མཚན། བླ་མ་ཆ་ནང་པ། བླ་མ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། ཆོས་རྗེ་བུ་སྟོན། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བླ་མ་ཤཱཀྱ་དཔལ་བ། ཆོས་རྗེ་དཀོན་མཆོག་རྒྱལ་མཚན། བླ་མ་དགེ་སློང་རྒྱལ་མཚན་བཀྲ་ཤིས། བླ་མ་བྱང་ཆུབ་བཟང་པོ། བླ་མ་རིན་ཆེན་ཀུན་ལྡན། རིག་འཛིན་ཀུན་དགའ་དོན་གྲུབ། བྱམས་པ་ངག་དབང་རྣམ་རྒྱལ། བླ་མ་ངག་དབང་ཀུན་བཟང༌། རབ་འབྱམས་སྨྲ་བ་སེང་གེ །ཡང་ན། ངག་དབང་ཀུན་བཟང༌། རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་བསྟན་པ་རྒྱ་མཚོ། རབ་འབྱམས་པ་སྨྲ་སེང༌། བྱམས་པ་རབ་བརྟན། ཡི་གེ་བ་དམ་ལྡན་ཡེ་ཤེས་དབང་པོ། མཚུངས་མེད་ཤཱཀྱ་དབང་པོ། མཁན་ཆེན་ཀུན་དགའ་དོན་གསལ། རོང་པ་དཀོན་མཆོག་སྦྱིན་པ། བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ངག་མིང་ལའོ། །སློབ་མ་སྟ་གོན་མེད་དགོས།། །།
༼ག༽རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ལ་མི་བསྐྱོད་པ་སོགས་རིགས་དྲུག་ལས། མི་བསྐྱོད་པའི་རིགས། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་འཕགས་པ་ཀླུ་སྒྲུབ་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། མངོན་རྟོགས་ཐེག་ཆེན་པ། དཀྱིལ་ཆོག་འཕགས་པ་རིན་པོ་ཆེའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་