R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 137
[A:137]གྲུབ་པ་གོས་བྲལ་ཞབས། །དེ་ཡི་རྩ་ལག་མཐར་ཕྱིན་ཛྙཱ་ན་པ། །ནང་གི་ཕོ་ཉ་གྲུབ་པ་དཔལ་འབྱུང་བ། །དེ་མཐུ་མཐར་ཕྱིན་པདྨ་བཛྲ་དང༌། །ཕྱི་ཡི་ཕོ་ཉ་གྲུབ་པ་ཧེ་རུ་ཀ །དེ་ཡི་ཡན་ལག་མཐར་ཕྱིན་པདྨའི་ཞབས། །བུང་བའི་པདྨ་ལྷ་མོ་ཕོ་ཉ་མཆོག །མྱུར་མགྱོགས་ཕོ་ཉའི་མཚན་ལྡན་ལཀྵྨི། །ཕོ་ཉ་ཀུན་སྡུད་ཨིནྡྲ་བྷཱུ་ཏི་བ། །ཕོ་ཉའི་ལམ་སྦྱངས་རཏྣ་བཛྲ་ཞབས། །ཕོ་ཉའི་མན་ངག་མཁས་པ་ཤེར་བཟང་པ། །ཕོ་ཉ་ཤིང་རྟའི་སྲོལ་འབྱེད་འབྲོག་མི་བ། །དེ་མན་གོང་དང་འདྲ། ཉེ་བརྒྱུད་ནི། རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨི་ཀ་ར། རིན་ཆེན་རྡོ་རྗེ། ཤེས་རབ་བཟང༌། འབྲོག་མིའོ། །འདི་རྒྱ་གཞུང་རང་ཡིན་ནོ། ༈ སློབ་དཔོན་ཏོག་ཙེ་པའི་བསམ་མི་ཁྱབ་ཀྱི་གསལ་བྱེད་ས་ཆེན་གྱིས་མཛད་པའི་བརྒྱུད་པ་ནི། འབྲས་བུ་བསམ་གྱིས་མི་ཁྱབ་རྡོ་རྗེ་འཆང༌། །སྤངས་པ་བསམ་གྱིས་མི་ཁྱབ་རྟ་མཆོག་པ།། རྟོགས་པ་བསམ་གྱིས་མི་ཁྱབ་བི་ན་པ། །བྱང་ཆུབ་བསམ་གྱིས་མི་ཁྱབ་ཨིནྡྲ་པ། །ཡེ་ཤེས་བསམ་གྱིས་མི་ཁྱབ་ལཀྵི་པ། །གསང་བ་བསམ་གྱིས་མི་ཁྱབ་སྒེག་པའི་ཞབས། ། བྱིན་བརླབས་བསམ་གྱིས་མི་ཁྱབ་གུན་དྷེ་རི། །རླུང་སེམས་བསམ་གྱིས་མི་ཁྱབ་པདྨ་པ།། ལྟ་བ་བསམ་གྱིས་མི་ཁྱབ་ཆོས་ཀྱི་པ། །སྤྱོད་པ་བསམ་གྱིས་མི་ཁྱབ་བཟང་པོའི་ཞབས།། སྒོམ་པ་བསམ་གྱིས་མི་ཁྱབ་ཏོག་ཙེ་པ། །ཐབས་ལམ་བསམ་གྱིས་མི་ཁྱབ་གུ་ཤ་ན། ། གདམས་ངག་བསམ་གྱིས་མི་ཁྱབ་པདྨ་པ། །ཏིང་འཛིན་བསམ་གྱིས་མི་ཁྱབ་ཀརྞ་པ། ། རྣལ་འབྱོར་བསམ་གྱིས་མི་ཁྱབ་དཔའ་བོའི་ཞབས། །བསམ་མི་ཁྱབ་ཀྱི་སྲོལ་འབྱེད་འབྲོག་མི་བ། །གཞན་རྣམས་སྔར་དང་འདྲ། ༈ སློབ་དཔོན་ནག་པོ་སྤྱོད་པའི་གཏུམ་མོ་ལམ་རྫོགས་ཀྱི་བརྒྱུད་པ་ནི། མཐར་ཐུག་གཏུམ་མོའི་ལམ་རྫོགས་རྡོ་རྗེ་འཆང༌། །དེ་ཉིད་གཏུམ་མོའི་ལམ་རྫོགས་རྣལ་འབྱོར་མ། །གསང་བའི་གཏུམ་མོའི་ལམ་རྫོགས་ཛ་ལན་དྷ༑ ༑ནང་གི་གཏུམ་མོའི་ལམ་རྫོགས་ནག་པོ་པ། །ཕྱི་ཡི་གཏུམ་མོའི་ལམ་རྫོགས་དཔལ་