R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 453
[A:453]ནག་པོའི་རྗཻས་གནང་གི་ཐོ། རྟ་མགྲིན་ སྒྱེར་སྐྱེར་སྒང་ལུགས་ཀྱི་ཐོ། འཇམ་དབྱངས་དཀར་པོའི་སྒྲུབ་ཐབས། སྤྱན་ རབ་རས་གཟིགས་ཀྱི་སྒྲུབ་ཐབས། སེང་ མདོང་གདོང་མའི་སྒྲུབ་ཐབས་ལས་ཚོགས། མན་ངག་ཁ་ཤས་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། མཁས་གྲུབ་དོན་ཡོད་རྒྱལ་མཚན། མཁས་བཙུན་བསོད་ནམས་ལྷུན་གྲུབ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ་དམ་པ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་གོ ༈ །མཁྱེན་རབ་ཆོས་རྗེའི་རྣམ་ཐར་རྒྱས་པ། འགོས་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་བསྒྲིགས་པ་མཁྱེན་རབ་ཆོས་རྗེ་ཉིད་ཀྱིས་ལུང་གནང་བའི་བརྒྱུད་པ་དང༌། མྱང་འདས་རྣམ་ཐར་འཇམ་དབྱངས་ཆོས་རྗེས་མཛད་པ་དང༌། རྣམ་ཐར་གསོལ་འདེབས་སྟོང་ར་བ་ཀུན་དགའ་ལེགས་གྲུབ་ཀྱིས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི། མཁྱེན་རབ་རིན་ཆེན་མཆོག་གྲུབ། ཤཱཀྱ་དོན་གྲུབ། སྟོང་ར་བ་ཀུན་དགའ་ལེགས་གྲུབ། ཀུན་དགའ་ཆོས་གྲགས། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་ལའོ། ༈ །འཇམ་དབྱངས་ཆོས་རྗེས་མཛད་པའི་ཡིག་བཅའ། རྡོ་རྗེ་རབ་བརྟན་མའི་གཏོར་ཆོག་འདོད་རྒུའི་དཔལ་སྟེར་དང༌། བསྟོད་པ་བདུད་དཔུང་ཟིལ་གནོན་འདོད་རྒུའི་དཔལ་སྟེར། ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་དང༌། རྣམ་སྲས་ཞི་དྲག་འབྲེལ་མ་རྣམས་ཀྱི་ཕྱག་ལེན་ཡང་དག་པ་ཞེས་བྱ་བ་ལེ་ཚན་གཉིས། རྣམ་སྲས་ཀྱི་དཀར་ཆག་རྣམས་ཀྱི་བརྒྱུད་པ་ནི། འཇམ་དབྱངས་ཆོས་རྗེ། དོན་ཡོད་རྒྱལ་མཚན་སོགས་རྡོ་རྗེ་རབ་བརྟན་མའི་གཏོར་ཆོག་དང་འདྲ། རྣམ་སྲས་སེར་ཆེན་གྱི་ཡིག་ཆ་ཀུན་མཁྱེན་བུས་མཛད་པའི་ལུང་གི་བརྒྱུད་པ་ནི། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའི་མཚན་ཅན། རིན་ཆེན་