R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 424
[A:424]འབྲས་བརྒྱུད་པའི་རྣམ་ཐར་ཁ་སྐོང་རྗེ་བཙུན་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་བསྐུལ་བ། ཐོབ་ཡིག་བསྲེག་བཅད་བརྡར་མ་གསེར་གྱི་འབུམ་ཆུང༌། དཔལ་ཀྱེ་རྡོ་རྗེའི་རྒྱུད་མན་ངག་གི་བརྒྱུད་རིམ་གསལ་བྱེད་བློ་གསལ་མགུལ་རྒྱན། བླ་མ་ལྔ་བཅུ་པའི་ས་གཞུང༌། དཔལ་ཀྱེ་རྡོ་རྗེའི་རྒྱུད་འཆད་ཐབས་ཀྱི་ཟིན་བྲིས། ཀྱེ་རྡོར་སྐོར་གྱི་དཀར་ཆག་སྤྱིའི་ཆིངས། དེ་ཉིད་འདུས་པ་ནས་གསུངས་པའི་མཚན་བརྒྱའི་འགྲེལ་པ། རྒྱ་ཆེ་རོལ་པའི་འབེལ་གཏམ། ལྟེང་རྒྱས་འོད་སྲུང་གི་ལོ་རྒྱུས། ཆོ་འཕྲུལ་ཆེན་མོ། གཉིས་པ་ནི། དཔལ་ཀྱེ་རྡོ་རྗེའི་བསྙེན་པ་ཁ་སྐོང་སྦྱིན་སྲེག་གི་ཟིན་བྲིས་དགག་སྒྲུབ་དང་བཅས་པ། ཡང༌། སྦྱིན་སྲེག་གི་བླང་དོར་ཉེར་མཁོ། སྡོམ་གསུམ་གྱི་དཀའ་གནད་ཕྲན་བུ། ཞུ་འཕྲིན་བསྡུས་དོན་ཚིག་དོན་རྣམ་པར་གསལ་བའི་སྣང་བྱེད། ས་ལུགས་དང་ངོར་ལུགས་ཀྱི་རྩོད་ལན་གྱི་ཡང་ལན་ཆེས་གསང་བའི་ཡང་ལན། རྨཽག་ཅོག་པའི་ཞུ་ལན། གནད་ཀྱི་ཟླ་ཟེར་ལ་དོགས་སློང༌། རང་གཞན་སྤྲོ་བ་བསྐྱེད་པའི་གཏམ་ཉི་ཤུ་པའོ། །གསུམ་པ་ནི། རང་ལ་དྲན་བསྐུལ་རྣམས་ལ་རྙེད་པར་དཀའ་བའི་དལ་འབྱོར། རང་ལྟོས་བླ་མ། གོ་བྱུང་རིག་བྱུང༌། མཚུངས་མེད་སྐྱོབ་པ། བླ་མ་བདུན་པ། རྒྱུ་འབྲས་བསླུ་མེད། ཤོག་རིལ་ལས་ཞེས་སོ༑ ༑གཉིས་པ་ནི། ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ཟིན་བྲིས། བསྟན་རྩིས་པདྨའི་བཅུད་འདུས། སྲིད་པའི་བཤད་པ། རྩིས་སྤྱིའི་རྣམ་གཞག །ལོ་འཕོ་ཟླ་འཕོ། དཀར་མྱང་བལ་རྩིས། རྩིས་ཀྱི་འབེལ་གཏམ། ཞག་གསུམ་རྣམ་དབྱེའི་རྣམ་གཞག །ཟླ་ཤོལ་གསལ་བའི་སྒྲོན་མེ། དཔྱིད་ར་ལུགས་གཅིག་བསྒྲུབས་པས་ནག་རྩིས་སུན་འབྱིན། གཟའ་སྟོང་འཇུག །གཟའ་འཛིན་འགྲེལ་པའོ། །གསུམ་པ་ནི། བསྔོ་བ་ཡོན་བཤད། འཕྲང་པོའི་ཞབས་དྲུང་ལ་གདམས་པ་རྣམ་དག་ལྕེ་རུས་སོ། །བཞི་པ་ནི། བཀྲ་ཤིས་བརྗོད་པའི་གོ་རིམ་བཀྲ་ཤིས་རྒྱ་མཚོའི་ཕྲེང་བ་རྣམས་སོ། །ད་དུང་བཀའ་འབུམ་ཁ་