R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 120
[A:120]ལམ་གྱིས་བསལ་བ། རྣལ་འབྱོར་ཕྲིན་ལས་སུམ་ཅུ་རྩ་གཉིས་ལམ་འབྲིང་པོ་རྩ་བ་མེད་པ༑ ལམ་བསྡུས་པ་སྒྲུབ་པ་ལུང་སྦྱིན། གཞུང་ཇི་ལྟ་བ་བཞིན་བཀྲི་བ། དབང་པོ་རབ་འབྲིང་གསུམ་བཀྲི་བ། གནད་དྲུག་གིས་བཀྲི་བ། གནད་བཅུ་གཅིག་གིས་བཀྲི་བ། ལམ་འཇུག་ལྡོག །ཕྱག་རྒྱ་འཇུག་ལྡོག །ཤེས་པས་ཕན་འདོགས་པའི་མན་ངག་བདུན། ལམ་བསྲེ་བ་འགྲོས་བཞི་དང་བཅས་པ། ཕྱི་ནང་གི་མཛད་པ་བཅུ་གཉིས། ཕྲིན་ལས་སུམ་ཅུའི་དཔེ་ཆུང༌། འཆི་ལྟས་བརྟག་པའི་འཁོར་ལོ་གཉིས། རྩ་འཁོར་ལོ་བཞིའི་དཔེ་ཆུང༌། གགས་སེལ་གཞན་གྱི་དཔེ་ཆུང་གཉིས། བྷ་གའི་ཡི་གེ་བཅུ་བཞིའི་དཔེ་ཆུང༌། བླ་མའི་རྣལ་འབྱོར་དབུ་དབྱུང་མ། ལུང་མཐའ་དག་དང་མདོར་བསྡུས་ཏེ་སྦྱར་བ། ལུང་འདི་ཉིད་དང་མདོར་བསྡུས་ཏེ་སྦྱར་བ། བླ་མ་བོད་དང་རྒྱ་གར་བའི་ལོ་རྒྱུས་གཉིས་རྣམས་ཐོབ་བོ།། དེ་དག་ཀྱང་གཟུར་གནས་དོན་གཉེར་རྣམས་ཀྱི་དོན་དུ་ཅུང་ཟད་དཔྱད་ན། རྗེ་བླ་མས་བདག་སོགས་ལ་བཀའ་ལུང་གནང་བའི་གླེགས་བམ་འདི་ནི། རྡོ་རྗེ་གདན་བླ་བྲང་གི་གླེགས་བམ་གཉིས་དང་རྣམ་པ་ཀུན་ཏུ་མཚུངས་ངེས་སུ་འདུག་ཅིང༌། དེས་ན་དབང་པོ་རབ་འབྲིང་གསུམ་བཀྲི་བའི་མགོ་ན། གང་ཟག་རིགས་ཀྱི་དབྱེ་བས་ལམ་གྱི་ཁྲིད། ། བརྗེད་པ་དྲན་པ་གསོ་ཕྱིར་བྲི་བར་བྱ། །ཞེས་བྲིས་པ་གཅིག་ཡོད་ལ། དེ་རྣམ་དག་ཡིན་ནོ༑ ༑ཚིགས་བཅད་དེ་མེད་པའི་བསྡུས་པ་ཤོག་ཅིག་མ་གཅིག་གླེགས་བམ་ལ་ལར་ཡོང་གི་འདུག་པ་དེ་ངོར་ལུགས་ཡིན་པར་གྲག་གོ །གྲུབ་པ་ལུང་སྦྱིན་ཡང༌། དབུ་ན། སྒྲུབ་པའི་ལུང་འབོགས་པའི་དུས་སུ་བླ་མ་དང་སློབ་མ་གཉིས་ཀས་མཁའ་འགྲོ་ལྔ་མཉེས་པར་བྱས་ལ་ཞེས་བྲིས་པ་ཤོག་འདེབས་གཅིག་ལྷག་ཙམ་ཡོད་པ་གཅིག་འདུག་པ་དེ་རྣམ་དག་ཡིན་ལ། གླེགས་བམ་ལ་ལར་དེ་བས་རྒྱས་པ་ཤོག་བུ་གསུམ་བཞི་ཙམ་ཡོང་གི་འདུག་པ་དེ་མིན་ནོ་སྙམ་དུ་སེམས་སོ། །དེས་ན་རྡོ་རྗེ་གདན་བླ་བྲང་གི་པོ་ཏི་རྣམ་པར་དག་པ་ཁོ་