R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 380
[A:380]ཐབས་སློབ་དཔོན་དགེ་འདུན་བྱིན་གྱི་བུས་མཛད་པ། ཡང་དེའི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་པདྨ་འཕེལ་གྱི་ཞབས་ཀྱིས་མཛད་པ། ཡང་གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱག་བཞི་མའི་སྒྲུབ་ཐབས།
འདི་དང་འོག་གི་གསེར་མདོག་ཅན་གཉིས་ལ་རྗེས་གནང་གཅིག །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱག་བཞི་མའི་སྒྲུབ་ཐབས། ཡང༌། དེའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། དགྲ་ནག་ནས་གསུངས་པའི་འཕགས་མ་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ།
འདི་དང་འོག་གི་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་དང༌། གཤིན་རྗེ་ནག་པོའི་རྒྱུད་ལས་བྱུང་བ་སྟེ་གསུམ་ལ་རྗེས་གནང་གཅིག །
དབྱངས་ཅན་མ་ཆེན་མོ་དཀར་མོ་ཕྱག་གཉིས་མ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་དགེ་སློང་ཡིད་ཀྱི་ཤིང་རྟ་སྐྱོང་བས་མཛད་པ།
འདི་དང་འོག་གི་པི་ཝང་ཕྱག་གཉིས་མ་ལ་རྗེས་གནང་གཅིག །
རྡོ་རྗེ་པི་ཝང་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། གཤིན་རྗེ་ནག་པོའི་རྒྱུད་ལས་བྱུང་བའི་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མ་རྡོ་རྗེ་བཞིའི་རིམ་པའི་སྒྲུབ་ཐབས། ཁྲོ་གཉེར་ཅན་སེར་མོ་ཕྱག་བཞི་མའི་སྒྲུབ་ཐབས་གཉིས། སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཀུ་རུ་ཀུལླེ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས།
འདི་དང་འོག་གི་ལྔ་སྟེ་དྲུག་ལ་རྗེས་གནང་གཅིག
ཡང་སྒྲོལ་མའི་རྟོག་པ་ལས་བྱུང་བའི་ལྷུག་པའི་རིག་བྱེད་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཡང་ཀུ་རུ་ཀུལླེའི་དབང་དུ་བྱེད་པའི་མན་ངག །ཡང༌། རིག་བྱེད་