R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 371
[A:371]གསུམ་གྱིས་འཆིང་བའི་ལུགས་བསྐུར་ཆོག་མུས་ཆེན་སངས་རྒྱས་རྒྱལ་མཚན་པའི་སྟེང་ནས་རྗེས་གནང་ཐོབ། ལུང་དབུ་ཚུགས་ཙམ། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ཞབས་དྲུང་དུ་ཐོབ། རྗེས་གནང་དགུ་བཅུ་གོ་གཉིས་སུ་མཛད་པའི་ལུགས་ཀྱི་བསྐུར་ཆོག་ཀུན་མཁྱེན་རྡོ་རྗེ་གདན་པས་མཛད་པའི་སྟེང་ནས་བུམ་དབང་ཡོད་པའི་རྗེས་གནང་དང་ལུང་ཐོབ་པའི་བརྒྱུད་པ་གོང་དུ་གསལ། རྒྱ་གཞུང་འདི་དག་གི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆུང་བ། བ་རི་ལོ་ཙཱ་རིན་ཆེན་གྲགས། ས་ཆེན། རྩེ་མོ། གྲགས་པ། ས་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བསོད་ནམས་སྐྱབས། གཟུངས་ཀྱི་དཔལ། ཡང་ན་ས་པཎ། འགྲོ་མགོན་ཆོས་རྒྱལ་འཕགས་པ། སྐྱོབ་པ་དཔལ། བག་སྟོན་པ། ཚུལ་རྒྱལ་བ། སྦྱིན་པ་དཔལ། མཁན་ཆེན་བསོད་ནམས་རིན་ཆེན། བཀའ་བཞི་བ་བཀྲ་ཤིས་བཟང་པོ། རས་ཆེན་ཟླ་བ་རྒྱལ་མཚན། མཁྱེན་རབ་རིན་ཆེན་མཆོག་གྲུབ། ཤཱཀྱ་དོན་གྲུབ། ཀུན་དགའ་ལེགས་གྲུབ། བྱམས་པ་ཆོས་ཀྱི་གྲགས་པ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། ཡང་ན་སྔགས་འཆང་གཟུངས་ཀྱི་དཔལ། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན། ཀུན་དགའ་དབང་ཕྱུག །རཏྣ་ཝརྟ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་ངག་དབང་ལྷུན་གྲུབ། དེས་བདག་གོ ། ༈ སྒྲུབ་ཐབས་རྒྱ་མཚོ་ནི་པཎ་ཆེན་འཇིགས་མེད་འབྱུང་གནས་ཀྱིས་རྡོ་རྗེ་གདན་གྱི་མཧཱ་བོ་དྷི་དང་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལ་བརྟེན་ནས་བསྒྲིགས་པ། དཔལ་ལྡན་ས་སྐྱར་ཆོས་རྒྱལ་འཕགས་པའི་བཀས་བསྐུལ་ནས་པཎྜི་ཏ་ཀཱིརྟི་ཙནྡྲ་དང༌། ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་ཡིག་སྣ་ཉིས་བརྒྱ་དང་བཞི་བཅུ་