R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 362
[A:362]མཆོག་རྒྱལ་མཚན། མཁན་ཆེན་ཞ་ལུ་པའོ། །ཇོ་བོ་རྗེའི་སྐུ་བསྟོད་ཕུན་ཚོགས་བྷང་ག་མའི་ལུང་ཐོས་པའི་བརྒྱུད་པ་ནི། འབྲོམ་སྟོན། ནག་ཚོ་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བ། པོ་ཏོ་བ༑ ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། སྐྱེས་མཆོག་ལྷ། ལྷ་སྡིངས་པ། ལྷ་སྡིངས་དབོན་པོ། དབུ་མཛད་ཡོན་ཏན་དཔལ། བདེ་བ་དཔལ། བཀའ་བཞི་པ། མཁན་ཆེན་བསོད་ནམས་གྲགས་པ། འཇིག་རྟེན་དབང་ཕྱུག་བཟང་པོ་དཔལ། མང་མཁར་ཚུལ་ཁྲིམས་དཔལ། གཞོན་ནུ་རྒྱལ་མཆོག །དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་སངས་རྒྱས་འཕེལ། འཇམ་དབྱངས་ཀུན་དགའ་ཆོས་བཟང༌། ལྷ་དབང་བློ་གྲོས། རྗེ་བྱམས་པ་ཕུན་ཚོགས། དཔལ་འབྱོར་ཤེས་རབ། སྒྲུབ་ཁང་དཔལ་ལྡན་དོན་གྲུབ། དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ ། ༈ སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སེམས་ཙམ་པའི་གཞུང་སྡོམ་པ་ཉི་ཤུ་པའི་ལུང་རབ་འབྱམས་པ་རིན་ཆེན་རྒྱ་མཚོ་ལ་ཞུས་པའི་བརྒྱུད་པ་ས་ཆེན་གྱི་འགྲེལ་པར་གཞུང་ཚང་མ་ཡོད་པས་ས་སྐྱ་བཀའ་འབུམ་དང་འདྲ་གསུངས་བྱུང༌། ༈ མདོ་སྔགས་གཉིས་ཀའི་གཞི་མཐུན་ལྟ་བུ། མཁན་ཆེན་ཞི་བ་འཚོས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིམ་ལ་སངས་རྒྱས་སྨན་བླའི་མདོ་ཆོག་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། འདྲེན་པ་མཉམ་མེད་ཤཱཀྱ་ཐུབ་པ། འཇམ་དཔལ་དབྱངས། མཁན་ཆེན་བོ་དྷི་སཏྭ། མངའ་བདག་ཁྲི་སྲོང་ལྡེ་བཙན། སད་ན་ལེགས་མཇིང་ཡོན། མངའ་བདག་ཁྲི་རལ། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུང༌། མངའ་བདག་དཔལ་འཁོར་བཙན། ཁྲི་སྐྱིད་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད། མངའ་བདག་ལྷ་ལྡེ། མངའ་བདག་འོད་ལྡེ། མངའ་བདག་རྩེ་ལྡེ། མངའ་རིས་དགྲ་བཅོམ་པ། ཞུ་ལྡན་ཤེས་རབ་གྲགས། ར་ས་ཆུ་ལས་པ་དར་མ་རྒྱལ་མཚན། དཔལ་ལྡན་གྲོ་མོ་ཆེ་པ། སངས་རྒྱས་སྒོམ་པ་སེང་གེ་