R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 342
[A:342]ཁྲིམས་བྱང་ཆུབ། གཟུས་རྡོ་རྗེ་རྒྱལ་མཚན། སོག་ཚུལ་ཁྲིམས་བླ་མ། ཀོ་ཁྱིམ་པ་ཡེ་ཤེས་བླ་མ། ཉང་འཚམ་པ་རིན་ཆེན་བླ་མ། དེ་གསུམ་ག་ལ་རྒྱ་འདུལ་བ་དབང་ཕྱུག་ཚུལ་ཁྲིམས། དེ་ནས་རྨ་ཚོ་བྱང་ཆུབ་རྡོ་རྗེ། བྱང་འདུལ་བརྩོན་འགྲུས་འབར། ཆོས་ཀྱི་དབང་ཕྱུག །ཆོས་ཀྱི་བྱང་ཆུབ། ཆོས་ཀྱི་བརྩོན་འགྲུས། ཆོས་གྲགས། རིན་ཆེན་དཔལ་བཟང༌། རིན་པོ་ཆེ་བསོད་ནམས་གྲགས་པ། ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ། དམར་སྟོན་རྒྱ་མཚོ་རིན་ཆེན། ཆོས་རྗེ་གཞོན་ནུ་རྒྱལ་མཆོག །འཇམ་དབྱངས་ཤེས་རབ་རྒྱ་མཚོ། སློབ་དཔོན་དོན་གྲུབ་ཤེས་རབ། བླ་མ་ལྷ་མཆོག་སེང་གེ །ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ཐར་རྩེ་པ་ནམ་མཁའ་དཔལ་བཟང་མན་གོང་དང་འདྲ། ༈ དགེ་ཚུལ་གྱི་འདུལ་བ་སུམ་བརྒྱ་པ་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་ལུང་གི་བརྒྱུད་པ་ནི། སློབ་དཔོན་ཡོན་ཏན་འོད། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། སེང་གེའི་གདོང་ཅན། དྷརྨ་ཕ་ལ། ཞང་ཞུང་པ་རྒྱལ་བའི་ཤེས་རབ། རབ་འབྱོར་ཤེས་རབ། བྱང་ཆུབ་ཤེས་རབ། བྱང་ཆུབ་སེང་གེ །རྡོ་རྗེ་སེང་གེ །སྨད་གཡུང་དྲུང༌། རྩི་འདུལ་ཐུགས་རྗེ་བྱང་ཆུབ། བདེ་བ་ཅན་པ་ཤཱཀྱ་བྱང་ཆུབ། ཟུལ་ཕུ་བ་ཡོན་ཏན་གྲགས། སློབ་དཔོན་བསོད་བློ། སློབ་དཔོན་བཀའ་བཅུ་པ། མཁན་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། སློབ་དཔོན་དོན་གྲུབ་ཤེས་རབ། བླ་མ་ལྷ་མཆོག་སེང་གེ །ཤར་ཁང་པ་ཤེས་རབ་རྒྱན། པཎ་ཆེན་ཐར་རྩེ་པ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། འཕགས་པ་འདུལ་བ་འཛིན་པ་མགོན་པོ་བསོད་ནམས་མཆོག་ལྡན། རྗེ་བཙུན་རིན་ཆེན་རྒྱ་མཚོ། དེས་བདག་གོ ༈ ༑ཆོས་རྒྱལ་འཕགས་པས་མཛད་པའི་འདུལ་བའི་ལས་ཆོག་ཆེ་ཆུང་གི་ལུང་བརྒྱུད་ས་སྐྱ་བཀའ་འབུམ་གྱི་སྐབས་ནའོ། །ཀུན་མཁྱེན་བུ་སྟོན་གྱིས་མཛད་པའི་འདུལ་བའི་