R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 320
[A:320]ལམ། །སྟན་ཐོག་གཅིག་ཏུ་ཟུང་འབྲེལ་བསྒོམ་པར་ཤོག །སྣང་སྟོང་དབྱེར་མེད་ཆུ་ཟླ་འཇའ་ཚོན་ལྟར། །རང་ལུས་ཅིར་སྣང་འཕགས་པའི་སྐུར་བསྒོམ་ཞིང༌། །གྲག་སྟོང་དབྱེར་མེད་བྲག་ཆའི་སྒྲ་བརྙན་ལྟར། །སྒྲ་རྣམས་ཡིག་དྲུག་བཟླས་པར་ཤེས་པར་ཤོག །རིག་སྟོང་དབྱེར་མེད་མ་བཅོས་སེམས་ཉིད་འདི། །རྩོལ་མེད་ཞི་ལྷག་རང་གྲོལ་ལྷུག་པའི་ངང༌།། སྒོམ་མེད་རྣམ་པར་མི་རྟོག་དབྱིངས་ཉིད་དུ། །ཡེངས་མེད་རྩེ་གཅིག་ཉམས་སུ་ལེན་པར་ཤོག །ཟས་གོས་གནས་མལ་གཉིད་དང་འཕོ་བ་དང༌། །བར་དོ་ཐ་མལ་སྣང་བར་མ་ཤོར་བར། །རྗེས་སྤྱོད་སྤྱོད་ལམ་རྣལ་འབྱོར་དྲུག་པོ་ཡིས། །གནས་སྐབས་ཀུན་ཏུ་ལམ་གྱིས་ཟིན་པར་ཤོག །བླ་མ་མཆོག་དང་དབྱེར་མེད་འཕགས་པའི་ཞལ། །མངོན་སུམ་སྟོན་ཀའི་ཟླ་དབང་ལྟར་མཐོང་ཞིང༌། །པོ་ཏ་ལ་དང་བདེ་བ་ཅན་སོགས་སུ། །བདག་དང་འགྲོ་རྣམས་ཐོགས་མེད་བགྲོད་པར་ཤོག །ཅེས་དམར་ཁྲིད་ཚེམ་བུ་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། ལམ་གྱི་རིམ་པའི་སྨོན་ལམ་མདོར་བསྡུས་དང་བཅས་པ་འདི་ཡང་རྣལ་འབྱོར་པ་ཚར་པ་བློ་གསལ་རྒྱ་མཚོས་གངས་ཅན་གྱི་རི་བོའི་པོ་ལ་གནས་ཚེ་རང་གི་བསམ་གཏན་གྱི་ཁང་བུར་སྦྱར་བ་འགྲོ་བ་ལ་ཕན་པར་གྱུར་ཅིག་
འདིའི་ཀུན་བཟང་བླ་མ་ནས་མགོན་པོའི་མཚན་གྱི་བར་རྒྱལ་དབང་བློ་བཟང་རྒྱ་མཚོའི་གསུང༌། གསང་སྔགས་གསར་རྙིང་སོགས་ཚིག་རྐང་གསུམ་བདག་རང་གིའོ།
ཡང༌། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ནཱ་ལེནྡྲ་རྗེ་བཅོ་བརྒྱད་པ་ལ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། བླ་མ་གཉན་དར་མ་འོད་ཟེར། གཉན་ལ་སློབ་མའི་མཆོག་དྲུག་ཡོད་པའི་ནང་ནས། སྤྱི་བོ་ལྷས་ཆེན་པོ་བྱང་ཆུབ་འོད། བྲག་དམར་བ་བྱང་ཆུབ་ཚུལ་ཁྲིམས། དགོན་གསར་བ་བསོད་ནམས་སྙིང་པོ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བླ་མ་བྲག་ཁ་བ་དང༌། རིན་ཆེན་དཔལ་བཟང་གཉིས་ཀྱིས་ཞུས། དེ་གཉིས་ལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐུགས་