R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 293
[A:293]རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པའི་སྟེང་ནས་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་དང་དེ་ཉིད་ཀྱི་ཡིག་ཆ་འཇམ་དབྱངས་མཁྱེན་བརྩེའི་རྗེས་གནང་རྗེ་དབང་ཕྱུག་རབ་བརྟན་གྱི་སྒྲུབ་ཐབས་ཡིག་ཆའི་ལུང་དང་བཅས་ནོས་པའི་བརྒྱུད་པ་ནི། མཁན་ཆེན་བསླབ་གསུམ་རྒྱལ་མཚན་ནས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ ༈ །སྒྲོལ་མའི་མན་ངག་ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། གྲགས་པ། ས་པཎ། འཕགས་པ། ཤར་པ་ཡེ་འབྱུང༌། ཤར་པ་ཀུན་དགའ་སེང་གེ །སེང་གེ་རྒྱལ་མཚན། གར་ཐིག་པ་བསོད་རྒྱལ། ཤེས་རབ་རྡོ་རྗེ། གྲགས་པ་རྡོ་རྗེ། གྲགས་པ་དོན་གྲུབ། གྲུབ་ཆེན་རི་ཁྲོད་པ། ཤར་དྭགས་པོའི་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། ཡོངས་འཛིན་བདེ་ལེགས་བཟང་པོ། ཆག་ལོ་རིན་ཆེན་ཆོས་རྒྱལ། འཇམ་དབྱངས་ཤེས་རབ་རྒྱལ་མཚན། རྗེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྔགས་འཆང་སངས་རྒྱས་རིན་ཆེན། བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་བསྟན་འཛིན་བཟང་པོ། མཁས་གྲུབ་བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཞ་ལུ་པ། དེས་བདག་གོ ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་བཀའ་བབས་དགུ་དང་ལྡན་པའི་རྗེས་གནང་གི་བརྒྱུད་པ་ལ་བཀའ་བབས་དང་པོ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ངག་གི་དབང་ཕྱུག །མགོན་པོ་གསེར་གླིང་པ། ཇོ་བོ་རྗེ་ཨ་ཏི་ཤ ། འབྲོམ་སྟོན་པ། སྤྱན་སྔ་བ། བྱ་ཡུལ་བ་གཞོན་ནུ་འོད། དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། ཞང་སུམ་ཐོག་པ། ཞང་བཀའ་སྩལ་བ། བླ་མ་ལྷ། སློབ་དཔོན་རིན་ཆེན་བཟང་པོ། མཁན་ཆེན་བདེ་བ་དཔལ། བྱང་སེམས་བསོད་ནམས་གྲགས་པ། དཔལ་