R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 287
[A:287]གོ ༑ཡང་ན་ཤངས་སྟོན་ནས། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ་བཟང༌། འཇག་པ་བློ་གྲོས་དཔལ་བཟང༌། འཇག་ཆེན་ཀུན་དགའ། རྗེ་ཆོས་རྒྱལ་དཔལ་བཟང༌། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ། རྡོ་རིངས་རིན་པོ་ཆེ་མན་འདྲ། ཡང་ན་མུས་ཆེན་དཀོན་མཆོག་རྒྱལ་མཚན་ནས། ཆོས་རྗེ་ཟུར་ཁང་པ་དཔལ་ལྡན་རིན་ཆེན། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེ་མན་འདྲ། ཡང་ན་མུས་ཆེན་དཀོན་མཆོག་རྒྱལ་མཚན་ནས། ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །མུས་པ་ནམ་མཁའ་དཔལ་བཟང༌། ངོར་སྒྲུབ་ཁང་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ། མཁན་ཆེན་ཞ་ལུ་པ། རྒྱལ་དབང་བློ་བཟང་ཞབས། ཡང་ན་མུས་ཆེན་ནས། ཀུན་མཁྱེན་གོ་བོ་རབ་འབྱམས་པ། དཀོན་མཆོག་འཕེལ་མན་འདྲ། ཡང་ན་མུས་ཆེན་རྒྱལ་མཚན་དཔལ་བཟང་ནས། བླ་མ་ནམ་མཁའ་དབང་ཕྱུག །མུས་ཆེན་ནམ་མཁའི་རྣལ་འབྱོར་མན་འདྲ། ༈ སྤྱན་རས་གཟིགས་སེང་གེ་སྒྲའི་རྗེས་གནང་གདོན་འགྲོལ་གཉིས་ལུང་བཅས་ངོར་མཁན་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་ཆ་ནས་ཐོབ་པའི་བརྒྱུད་པ་ནི།
དམར་ཆོས་རྒྱལ་གྱི་ཡི་གེ་ནས་རྙེད་པ། རྗེ་བཙུན་སེང་གེ་སྒྲ། ཙནྡྲ་གོ་མི། ནཱ་རོ་ཏ་པ། ཕམ་ཐིང་པ་སྐུ་མཆེད། ཨ་ཐུ་ལ་བཛྲ། མེན་ཛ་གླིང་པ། དེ་གསུམ་གར་མལ་བློ་གྲོས་གྲགས་པ། ས་ཆེན་མན། ཡང་མེན་ཛ་གླིང་པ། བློ་གྲོས་གྲགས་པ། ཤྲདྡྷ་ཀ་ར་ཝརྨ། བོད་སྐད་དད་བྱེད་གོ་ཆ། ལོ་ཆེན་རིན་ཆེན་བཟང་པོ་མན་འདྲའོ། འདི་ལ་ཀླུ་སྒྲུབ་ཀྱི་གཏེར་མ། ཤྲཱི་ཀུ་མཱ་རའི་གདོན་འགྲོལ། ཙནྡྲ་གོ་མིའི་སྒྲུབ་ཐབས། རྗེ་རྩེ་མོའི་བསྙེན་ཐབས། དམར་དང༌། རིན་ཆེན་རྒྱལ་མཚན་སོགས་ཀྱི་ཡི་གེ་ནས།
སློབ་དཔོན་ཤྲདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས། བརྩེ་ཆེན། གཉན་གཙུག་ཏོར་རྒྱལ་པོ། རྗེ་བཙུན་ཆེན་པོ། ས་པཎ། ཤར་པ་ཡེ་འབྱུང༌། ཤར་པ་དུས་འཁོར་བ། ཀུན་དགའ་བྱང་ཆུབ། མཁན་པོ་རྒྱལ་