R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 284
[A:284] འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། བཤེས་གཉེན་པོ་ཏོ་བ། དགེ་བཤེས་ཤ་ར་བ། གཏུམ་སྟོན་བློ་གྲོས་གྲགས། ཞང་སྟོན་རྡོ་རྗེ་འོད་ཟེར། གྲོ་སྟོན་ཤེས་རབ་གྲགས། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རིག་པའི་རལ་གྲི། དཔལ་སྡིང་པ། འདུལ་འཛིན་གྲགས་པ་དཔལ། མངའ་རིས་བྱང་ཆུབ་བླ་མ། རྒྱ་གར་རྒྱལ་མཚན། བླ་མ་སེང་གེ་རྒྱལ་མཚན། རོང་སྟོན་ཤེས་བྱ་ཀུན་རིག །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་བཟང་པོ་བཀྲ་ཤིས། རྗེ་སྟོབས་ལྡན་པ། པཎ་ཆེན་ན་བཟའ་པ། གནས་པ་པཎ་ཆེན། རྗེ་ནམ་མཁའ་རྒྱལ་མཚན། སློབ་དཔོན་བུདྡྷ་པ། རྡོ་རྗེ་འཆང་ཕ་བོང་ཁ་པ། བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ། རྒྱལ་དབང་ཐུགས་རྗེ་ཆེན་པོ། དེས་བདག་གོ །ཡང་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། རོང་སྟོན་ནས། པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དཀར་བ་བསོད་ནམས་རྒྱལ་མཚན། ཆོས་རྗེ་ཀུན་དགའ་རྒྱལ་མཚན། སྔགས་འཆང་དཀོན་མཆོག་ལེགས་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་དབང་བློ་བཟང་རྒྱ་མཚོའི་ཞབས། དེས་བདག་གོ །བཅོམ་ལྡན་རིག་རལ་གྱི་སྒྲུབ་ཐབས། རོང་སྟོན་གྱིས་བསྟོད་པ། གཞན་ཡང་ལས་ཚོགས་མང་དུ་མཆིས་སོ། ༈ །བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་མདོག་དཀར་པོ་ཚེ་མདོ་མཚན་བརྒྱ་རྩ་བརྒྱད་པ་ནས་གསུངས་པ། སྒྲུབ་ཐབས་དང་རྗེས་གནང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ནས་རྗེས་གནང་དང་ལུང་ཐོབ་པའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། ལོ་ཀེ་ཤྭ་ར། གྲུབ་ཆེན་མི་ཏྲ་ཛོ་ཀི ། པཎ་ཆེན་བུདྡྷ་ཤྲཱི། ཆག་ལོ་དགྲ་བཅོམ། གྲུམ་སྟོན་དར་མ་ཤེས་རབ། གྲུབ་ཆེན་ཤེས་རབ་དཔལ། གྲུབ་ཐོབ་ལེགས་ལྡན་འོད། དཔལ་ལྡན་བཟང་པོ། ཡེ་ཤེས་དཔལ་བཟང༌།