R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 281
[A:281]ཀའི་ཧྲཱིཿལ། ཧྲཱིཿགུ་གུ་ལ་ཐིམ་པས་དབང་བཞི་པ། དེ་ལྟར་ནང་སྒྲུབ་གསང་སྒྲུབ་གཉིས་ཀར་ཌ་རུ་འཁྲོལ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །སྤྲུལ་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས་སོགས། ལྔ་པ། ༈ རྡོ་རྗེ་ཕག་མོ་ཁྲོས་པ་ཁྲོས་མ་ནག་མོ། སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་ཉིས་བརྩེགས། མདུན་བསྐྱེད་བླ་མ་སློབ་མ་གསུམ་གར་ཕོ་བྲང་ལྔར་མཁའ་འགྲོ་རྩ་འདབ་ཀྱི་གྲངས་དང་མཉམ་པ་རིགས་ཀྱི་ཕྱག་མཚན་ཡུ་བའི་གྲི་གུག་ཅན། བྱིན་བརླབས་དབང་བཞིའི་ཚུལ་དུ་བསྐུར་བ་འཇུག་པ་ནས་བཟུང༌། མིག་དར་བཞི། མཐར་སིནྡྷུ་རའི་དཀྱིལ་འཁོར་ནས་གཡས་པའི་སྲིན་ལག་གིས་བླངས། གཡོན་པའི་སྲིན་ལག་ལ་བསྐུས་པ་སློབ་མའི་གནས་སོ་སོར་བྱུགས་བསྟིམ། གསར་མའི་མ་རྒྱུད་ཀྱི་དབང་སྔོན་དུ་མ་སོང་བར་མི་བསྐུར། དྲུག་པ། བདེ་མཆོག་དཀར་པོ་ཚེ་བུམ་གཉིས་འཛིན་པ་སྐྱིལ་ཀྲུང་ཅན་ལ་ཕག་མོ་དམར་མོ་ཚེས་གང་བའི་ཐོད་པ་གཉིས་འཛིན་པས་འཁྱུད་པ། འབྲང་རྒྱས་མགོ་བོར་འཇོག་ཅིང་ཚེ་རིལ་ཟ། ཀ་ལིའི་ཚེ་ཆང་འཐུང་བ་སོགས། བདུན་པ། སྒྲོལ་མ་དཀར་མོ་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡོད་པ། སྔགས་ཡི་གེ་བཅུ་པ་དང༌། ཨོཾ་སརྦ་ལོ་ཀ་ཨཱ་ཀརྵ་ཡ་ཛཿསྭཱཧཱ། ཚེ་ཆང་ཚེ་རིལ་ཟ་འཐུང༌། ཡང་གཏོར་མ་ནས་ཅུང་ཟད་ཟ་ཞིང་བསྟིམ་པ་ཡིན། བསྐུར་ཆོག་ན་མི་གསལ་བ་ཞལ་ཤེས་དགོས་པ་རྣམས་འདིར་ཞིབ་ཏུ་བྲིས་སོ། །དེ་རྣམས་ཀྱི་སྨིན་གྲོལ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། རྗེ་བཙུན་འཇམ་པའི་དབྱངས། གྲུབ་ཆེན་དཔའ་བོ་རྡོ་རྗེ། རྒྱལ་བ་གཉིས་པ་བློ་བཟང་གྲགས་པ། རྗེ་ཆོས་བཟང་དཔལ་བ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་ཡེ་ཤེས་རྩེ་མོ། རྗེ་ཆོས་ལྡན་པ། མར་སྟོན་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རིན་ཆེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་ཀུན་དགའ་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་