R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 278
[A:278] སློབ་དཔོན་འོད་ཟེར་མགོན་པོ། སློབ་དཔོན་ཤཱཀྱ་གཞོན་ནུ། སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་མན་འདྲ། ཡང་ན་སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་ནས། མཁན་པོ་བཟོད་པ་དཔལ། མཁན་པོ་བསོད་ནམས་འོད་ཟེར། མཁན་པོ་ཤེས་རབ་མགོན་པོ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལེགས་འབྱུང༌། རྗེ་ལྷ་མཆོག་སེང་གེ །ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་མཁས་མཆོག་དཔལ་ལྡན་དོན་གྲུབ། གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་ཞབས། དེས་བདག་གོ །ཡང་ན་བླ་མ་འོད་ཟེར་ཤཱཀྱ་ནས། ལོ་ཙཱ་བ་མཆོག་ལྡན། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་མན་འདྲ། ཡང་ན་ཕ་དམ་པ་ནས། དམ་པ་པོ། ལྐུགས་རིང༌། ལྡེ་སྟོན་དགེ་བ། གློ་ཆེན་སངས་རྒྱས། གར་ཐིག་པ་བསོད་ནམས་རྒྱལ། བླ་མ་མགོན་པོ་འབུམ། ས་བཟང་འཕགས་པ་མན་འདྲ། ཡང་ཉེ་བརྒྱུད་ནི། འཇམ་དབྱངས། ཕ་དམ་པ་མན་འདྲ། ༈ དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་སོ་སོར་འབྲང་མའི་རྗེས་གནང་རྗེ་བཀའ་འགྱུར་བ་ལ་ཐོབ། ༈ དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་ལས་ཟུར་བཀའ་གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་རྗེས་གནང་རྗེ་དཀོན་མཆོག་ལྷུན་གྲུབ་པའི་ཡིག་ཆ་ནས་བཟླས་ལུང་སྐབས་གཟུངས་རིང་སྙིང་པོ་བཅས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་པ༑ རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ། ས་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་རྒྱལ། ས་སྐྱ་པཎ་ཆེན། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་བརྟན་པ། བྲག་ཕུག་པ་དཀོན་རྒྱལ། བླ་མ་དཔལ་ལྡན་པ། ཤར་