R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 260
[A:260]ཏ༑ ཀུ་མཱ་ར་དེ་ཝ། རེ་ཝེནྡྲ་པྲ་བྷ་ཝ། ཆག་ལོ་ཆོས་རྗེ་དཔལ་མན་འདྲ། ཡང་ན་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་ནས། བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མན་གོང་ལྟར་རོ། །ཡང་ན་སྤང་ལོ་ཙཱ་བ་ནས། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་མན་འདྲ། ཡང་ན་བླ་མ་དམ་པ་ནས། དབང་རྣོན་རྒྱལ་བ་མཆོག་གྲུབ། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ༈ དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་གསུངས་
ཚེ་དཔག་མེད་འོད་ཟེར་དྲ་བའི་རྒྱུད་བོད་དུ་མ་འགྱུར་བ་གཅིག་ནས་གསུངས་པར་བཤད། འཇམ་དཔལ་དཔའ་བོ་གཅིག་གྲུབ་དང༌། སྤྱན་རས་གཟིགས་པདྨ་དྲ་བའི་རྒྱུད་ནས། འཁོར་ལོ་བྲི་སྐབས་མཚམས་བཞིར་ཨོཾ་དང་ཨ་མ་ར། ཛཱི་ཝན་ཏཱི་ཡེ་སྭཱཧཱས་བསྐོར། ཞེས་སྔགས་གསུངས་
པའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་ཚེ་ཟན་ལ་བརྟེན་པའི་དབང་བཞི་བྱིན་བརླབས་ཀྱི་ཚུལ་དུ་འབའ་ར་བའི་ཡིག་ཆ་ནས་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་ཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་སྡོང་པོ། རྗེ་རས་ཆུང་རྡོ་རྗེ་གྲགས་པ། མི་ལ་བཞད་པ་རྡོ་རྗེ། མཉམ་མེད་ཟླ་འོད་གཞོན་ནུ། བདེ་གཤེགས་ཁམས་པ་རྡོར་རྒྱལ། འབྲི་གུང་འཇིག་རྟེན་གསུམ་མགོན། སྤྱན་སྔ་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། ཐུགས་སྲས་སྤྱན་སྔ་རིགས་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང༌། འབའ་ར་བ་རྒྱལ་མཚན་དཔལ་བཟང༌། གྲུབ་ཆེན་རིན་ཆེན་འཕེལ། ཞ་ལུ་མཁན་ཆེན་འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་རྡོ་རྗེ་འཆང་མཁྱེན་རབ་རིན་ཆེན་མཆོག་གྲུབ། རྗེ་བཙུན་རྡོ་རིངས་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་ཀུན་