R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 251
[A:251]གནང་མགོན་པོ་སྙིང་ཞུགས་ཐུན་མོང་བའི་རྗེས་གནང་ཚར་ཆེན་དང་མཁན་ཆེན་ངག་དབང་ཆོས་གྲགས་པའི་ཡི་གེའི་སྟེང་ནས་དབང་བཞི་བྱིན་བརླབས་སུ་བསྐུར་བ་ཤིན་ཏུ་རྒྱས་པ་ཐོབ་པའི་བརྒྱུད་པ་ནི། མཁས་གྲུབ་རྒྱལ་མཚན་འབུམ་ཡན་གོང་ལྟར་ལ། ཁྱུང་པོ་ཚུལ་ཁྲིམས་མགོན། བྱ་བཏང་རི་ཁྲོད་རས་ཆེན། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང༌། དྲིན་ཅན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། གཉན་སྟོན་རྣམ་སྤྲུལ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་ཆེན་པོ། འཕགས་པ་ཐུགས་རྗེ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། མཁྱེན་རབ་མངའ་བདག་ངག་དབང་བསྟན་འཛིན། དེས་བདག་གོ །ཡང་ན་ཚར་ཆེན་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་ཚར་ཆེན་ནས། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། ཁྱབ་བདག་དབང་རབ་མན་འདྲ། ༈ ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་པོ་ཏི་ཁ་ལོངས་ལས་ཆོས་སྐོར་འགའ་ཞིག་གི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ནི། རྒྱུད་ལེའུ་བརྒྱད་མ་རང་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས་དཔལ་ཤ་བ་རི་པས་མཛད་པ། རང་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོ་འདི་ཉིད་ཉམས་སུ་ལེན་ཚུལ་དཔལ་ཕྱག་དྲུག་པའི་མངོན་རྟོགས་རྒྱས་པའི་ཡི་གེ ༑འབྲིང་གི་ཡི་གེ །བསྡུས་པའི་ཡི་གེ །བེ་བུམ་ནག་པོའི་སྐོར་ཟེར་རོ། ༈ །བེ་བུམ་དཀར་པོའི་སྐོར་ནས། ནག་པོ་ཆེན་པོ་སྒྲུབ་པའི་ཐབས། བླ་མ་མགོན་པོ་དབྱེར་མེད་དུ་སྒྲུབ་པའི་ཐབས་ཞེས་བྱ་བ་བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་བརླབས་ཞེས་པ་ནས། སློབ་མ་རྗེས་གཟུང་རྫོགས་སཽའི་མཐའ་ཅན། བླ་མ་མགོན་པོ་དབྱེར་མེད་ལ། །གྲིབ་ཐོག་དམ་ཚིག་འགལ་གྱུར་ན། །ཞེས་པ་ནས། གསོལ་འདེབས་བྱའི་མཐའ་ཅན། བླ་མ་