R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 102
[A:102]རྗེ་བཙུན་རྒྭ་ལོ་ནས། བླ་མ་ཚུལ་ཁྲིམས་དར། དུས་འཁོར་བ་ཡེ་ཤེས་རིན་ཆེན། ཀུན་སྤངས་ཞང༌། བྱང་སེམས་ཆེན་པོ། སྐྱི་སྟོན་པ་མན་འདྲའོ། ༈ །ཡང༌། རྭ་འབྲོ་འདྲེས་པའི་བརྒྱུད་པ་ནི། འཇམ་གསར་བ་ནས། རོང་པ་རྒྭ་ལོ། བླ་མ་ཤེར་སེང༌། དཔལ་ལྡན་སེང་གེ་མན་སྔར་བཞིན་ནོ། །ཡང་ན་ཀུན་སྤངས་ཞང་ནས། ཀུན་སྤངས་གྲགས་པ་རྒྱལ་མཚན། སྐྱི་སྟོན་པ་མན་འདྲ། ༈ ཡང༌། ས་ལུགས་ཀྱི་བརྒྱུད་པ་ནི། དཔལ་ལྡན་དུས་ཀྱི་འཁོར་ལོ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ། རྡོ་རྗེ་མཁའ་འགྲོ་མ། ཙི་ལུ་པཎྜི་ཏ། དུས་ཞབས་པ་ཆེ་བ། ཆུང་བ། ཨ་ནུ་པ་མ་རཀྵི། སཱ་དྷུ་པུ་ཏྲ། ཆོས་ཀྱི་འབྱུང་གནས། ཆོས་ཀྱི་བཤེས་གཉེན། བི་ཁྱ་ཏ་དེ་ཝ། མཧཱ་པཎྜི་ཏ་ཤཱཀྱ་ཤྲཱི། ཆོས་རྗེ་ས་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། སྒྱུས་པ་གཞོན་ནུ་སེང་གེ །དོལ་པོ་ཡེ་ཤེས་མགོན། ཀུན་སྤངས་ཀུན་ཏུ་བཟང་པོ། ཀུན་མཁྱེན་འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན་མན་འདྲ། ༈ ཡང༌། ཐར་ལོ་ལུགས་ཀྱི་བརྒྱུད་པ་ནི། འཇམ་གསར་བ་ཡན་གོང་ལྟར་ནས། ཉེག་པོ་ཆོས་ལྡན། གོང་ལུང་པ་གཞོན་ནུ་དཔལ། ཐར་ལོ་ཉི་མ་རྒྱལ་མཚན། ཀུན་མཁྱེན་བུ་སྟོན་མན་གོང་ལྟར་རོ། ༈ །ཡང༌། འབྲོ་ལུགས་ཀྱི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཆོས་སྐུ་རྡོ་རྗེ་འཆང༌། ལོངས་སྐུ་དུས་ཀྱི་འཁོར་ལོ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། ཆོས་རྒྱལ་ཟླ་བ་བཟང་པོ། ལྷའི་དབང་པོ། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་བདུན། རིགས་ལྡན་འཇམ་དཔལ་གྲགས་པ། པདྨ་དཀར་པོ། བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་ན་རིན་ཆེན་ནམ་ཕྱག་དམར་བ། ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིནྟུ་བཟང་པོ། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང༌། དཔལ་སྐྱོང༌། གྲུབ་ཆེན་དུས་འཁོར་ཞབས་པ་ཆེ་ཆུང༌། རྒྱལ་སྲས་ནཱ་ལནྡ་པ།