R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 228
[A:228] དུག་སེལ་མ་དཀར་མོ་ཕྱག་བཞིའི་སྒྲུབ་ཐབས་གཉིས་ལ་གཅིག །ལྷ་མོ་རལ་གཅིག་མ་ཞལ་བཅུ་གཉིས་ཕྱག་ཉེར་བཞི་མ། རལ་གཅིག་མ་ཕྱག་བཞི་མའི་སྒྲུབ་ཐབས་གསུམ་ལ་གཅིག །རལ་གཅིག་མ་ཕྱག་གཉིས་མ། རྡོ་རྗེ་གུར་ནས་གསུངས་པའི་ཙུན་དའི་སྒྲུབ་ཐབས་གསུམ་ལ་གཅིག །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུའི་སྒྲུབ་ཐབས་གཉིས་ལ་གཅིག །མྱ་ངན་མེད་པའི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་གཉིས་ལ་གཅིག །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་མ་སེར་མོ་ཕྱག་བརྒྱད་མའི་སྒྲུབ་ཐབས་གསུམ་ལ་གཅིག །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་དམར་མོ་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས་ལྔ་ལ་གཅིག །འོད་ཟེར་ཅན་པི་ཙུ་མ། འོད་ཟེར་ཅན་དམར་མོ་ཕྱག་བཅུ་གཉིས་མ། རི་ཁྲོད་ལོ་མ་གྱོན་མ་སེར་མོ། རི་ཁྲོད་ལོ་མ་གྱོན་མ་ལྗང་གུ། རྡོ་རྗེ་གུར་ནས་གསུངས་པའི་ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་གསུམ་ལ་གཅིག །ཤེར་ཕྱིན་མ་སེར་མོའི་སྒྲུབ་ཐབས་བཞི་ལ་གཅིག །གསེར་མདོག་ཅན་གྱི་ཤེར་ཕྱིན་སེར་མོ་ཕྱག་བཞི་མའི་སྒྲུབ་ཐབས་གཉིས་ལ་གཅིག །དགྲ་ནག་ནས་གསུངས་པའི་རྡོ་རྗེ་དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་གཉིས་
གསུམ་ཟེར་
ལ་གཅིག །དབྱངས་ཅན་དཀར་མོ་ལྷ་ལྔ། རྡོ་རྗེ་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་གཉིས་ལ་གཅིག །པི་ཝང་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མ། རྡོ་རྗེ་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་མ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་གཉིས་ལ་གཅིག །རྟོག་པ་ནས་གསུངས་པའི་ཀུ་རུ་ཀུལླེ་ཕྱག་བཞི་མའི་སྒྲུབ་ཐབས་དྲུག་ལ་གཅིག། ཀྱེ་རྡོར་ནས་གསུངས་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་བཞི་ལ་གཅིག །ཀུ་རུ་ཀུལླེ་ཕྱག་དྲུག་མའི་སྒྲུབ་ཐབས་གཉིས་ལ་གཅིག །ཀུ་རུ་ཀུལླེ་དམར་མོ་ཕྱག་བརྒྱད་མ་གཙོ་འཁོར་བཅུ་གསུམ་མ། ཀུ་རུ་ཀུལླེ་དཀར་མོ་ཕྱག་གཉིས་མ། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པའི་