R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 221
[A:221] མདོར་བསྡུས་པའི་ཤེར་ཕྱིན། མི་གཡོ་བ་སྔོན་པོ་པྲ་བྷ་ཝ་ཀ་ར་ཀཱིརྟི་དང་གཞོན་ནུ་སྦས་པས་མཛད་པ། གཏུམ་པོ་ཆེན་པོ། རྡོ་རྗེ་ཧཱུྃ་མཛད། རི་ཁྲོད་ལོ་མ་ཅན་མ། དབྱངས་ཅན་མ་དཀར་མོ། བགེགས་དགྲ། རལ་གཅིག་མ། དུག་སེལ་མ། རིག་བྱེད་མ། རྟོག་པ་ལས་གསུངས་པའི་རིག་བྱེད་མ། ཨུུ་རྒྱན་གྱི་རིག་བྱེད་མ། ཨུུ་རྒྱན་ནས་བྱུང་བའི་རིག་བྱེད་མ། ཁམས་གསུམ་དབང་དུ་བསྡུད་པའི་སྤྱན་རས་གཟིགས་ས་ར་ཧས་མཛད་པ། གནོད་གནས་ནོར་རྒྱུན་མ་གནོད་སྦྱིན་ཕོ་མོས་བསྐོར་བ། རྒྱ་ནག་རིམ་པའི་སྒྲོལ་མ་རྟག་པའི་རྡོ་རྗེས་མཛད་པ། རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག །གཤིན་རྗེ་གཤེད་དམར་པོ་ཡབ་ཡུམ། སོ་སོ་འབྲང་མ། གཙུག་ཏོར་རྣམ་རྒྱལ། རྨ་བྱ་ཆེན་མོ། སྟོང་ཆེན་རབ་འཇོམས། གསང་སྔགས་རྗེས་འཛིན། བསིལ་བའི་ཚལ། ཕྱིར་བཟློག་མ་ཆེན་པོ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། གཞན་གྱིས་མི་ཐུབ་པའི་རྣམ་རྒྱལ། རྡོ་རྗེ་གནྡྷ་རི། ནག་པོ་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། ལྕགས་སྒྲོག་མ། སྟོབས་པོ་ཆེ། གདུགས་དཀར་ཅན། རྟ་མགྲིན། ཧེ་རུ་ཀ །བདག་མེད་མ། ཡང༌། བདག་མེད་མ། གསེར་མདོག་ཅན་གྱི་ཤེར་ཕྱིན། རྡོ་རྗེ་ཕག་མོ། རིག་བྱེད་མ། སྒྲོལ་མ་དཀར་མོ། སྒྱུ་དྲ་སྤྱན་རས་གཟིགས་ཏེ། དེ་རྣམས་ཀྱི་བསྐུར་ཆོག་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་འཇིགས་མེད་དཔའ་བོས་མཛད་པའི་མངོན་རྟོགས་དང་རྗེས་གནང་གི་ཁྲིགས་པཎ་ཆེན་འབུམ་ཕྲག་གསུམ་པ་གཉིས་ནས་རྗེས་གནང་རེ་རེ་བཞིན་ཐོབ་པའི་བརྒྱུད་པ་ནི། བྱང་ཆུབ་ཆེན་པོ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། བར་པ་རོལ་པའི་རྡོ་རྗེ། ཆུང་བ་དོན་ཡོད་རྡོ་རྗེ། ལོ་ཙཱ་བ་རིན་ཆེན་གྲགས། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ༑ རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་པཎྜི་ཏ་ཆེན་པོ། ཁང་སྟོན་འོད་ཟེར་རྒྱལ་མཚན། བློ་ཆེན་སངས་རྒྱས་སྲས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་