R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 100
[A:100]བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་དམར་བ། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང༌། རྒྱ་མཚོ་རྣམ་རྒྱལ། རྒྱལ་ཀ །ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང༌། དཔལ་སྐྱོང༌། དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། ཁ་ཆེ་ཟླ་བ་མགོན་པོ། དགོན་པ་དཀོན་མཆོག་སྲུངས། སྒྲོ་སྟོན་གནམ་རྩེགས། གྲུབ་ཐོབ་ཡུ་མོ་མི་བསྐྱོད་རྡོ་རྗེ། སྲས་དྷརྨེ་ཤྭ་ར། གྲུབ་ཐོབ་ནམ་མཁའ་འོད་ཟེར། གྲུབ་ཐོབ་སེ་མོ་ཆེ་པ་ནམ་མཁའ་རྒྱལ་མཚན། ཆོས་རྗེ་འཇམ་གསར་ཤེས་རབ་འོད། བླ་མ་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། དེ་གསུམ་ག་ལ་འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ཡང༌། འཇམ་གསར་ནས། རྗེ་བཙུན་རྒྭ་ལོ་མན་གོང་བཞིན་བྱས་ཀྱང་ཆོག །ཡང༌། འཇམ་གསར་ཤེས་རབ་འོད་ཟེར་ཡན་འབྲོ་ལུགས་གོང་བཞིན་ལས་དེ་ལ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཀུན་མཁྱེན་ཤེས་རབ་རྒྱལ་མཚན། རིན་པོ་ཆེ་གཉག་ཕུག་པ་བསོད་ནམས་བཟང་པོ། བྱམས་གླིང་ཆོས་རྗེ་བསོད་ནམས་རྣམ་པར་རྒྱལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་མན་གོང་བཞིན་ནོ། །ཡང༌། དུས་ཞབས་པ་དོན་གྲུབ་ཀུན་དགའ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་མན་འདྲ། ༈ པཎྜི་ཏ་ནགས་རིན་ལུགས་ནི། མཆོག་གི་དང་པོའི་སངས་རྒྱས། ཟླ་བ་བཟང་པོ། ལྷའི་དབང་ཕྱུག །གཟི་བརྗིད་ཅན། ཟླ་བས་བྱིན། ལྷ་དབང༌། སྣ་ཚོགས་གཟུགས། ལྷའི་དབང་ལྡན། འཇམ་དབྱངས་གྲགས་པ་པདྨ་དཀར་པོ། བཟང་པོ། རྣམ་རྒྱལ། དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། ཤཱཀྱ་སེང་གེ་རྒྱལ་མཚན། ཉི་མའི་འོད། གོ་ཏཾ་དཔལ། རིན་ཆེན་བཀྲ་ཤིས། རྒྱལ་བའི་རྒྱན། བློ་ལྡན་རྗེ། ཤཱཀྱ་བསྲུང་བ། རྗེ་ཆེན་པོ་ལེགས་སྐྱེས། དཔལ་སངས་རྒྱས་དབྱངས། པཎྜི་ཏ་ནགས་ཀྱི་རིན་ཆེན། ཀུན་མཁྱེན་རྡོ་རྗེ་གདན་པ་མན་གོང་