R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 197
[A:197]མན་འདྲ། ཡང་ན་ཡོངས་འཛིན་དཀོན་མཆོག་འཕེལ་ནས། འཇམ་དབྱངས་ས་ལོ། རྗེ་ཀུན་དགའ་དཔལ་ལྡན། ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་མུས་ཆེན་ནས། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་སངས་རྒྱས་རིན་ཆེན། ས་ལོ་མན་གོང་བཞིན་ནོ། ། ཡང་ན་ལྷ་མཆོག་སེང་གེ་ནས། རྐྱང་དུར་རབ་འབྱམས་པ་དགེ་ལེགས་བཤེས་གཉེན། རྗེ་ཤེས་རབ་རྒྱལ་མཚན་མན་འདྲ། ཡང་ན་བ་རི་ལོ་ཙཱ་ནས། མཆིམས་བརྩོན་འགྲུས་སེང་གེ །རྒྱ་ཞང་ཕུག་པ། དབུས་པ་སངས་རྒྱས་འབུམ། གཞོན་ནུ་འབུམ། བླ་མ་ཆ་གན་པ༑ གྲགས་པ་དཔལ་མན་འདྲ། ཡང་ན་རྒྱ་ཞང་ཕུག་པ་ནས། འཇད་པ་རིན་ཆེན་ཡེ་ཤེས། ཨེ་པ་འཁོན་སྟོན་མན་འདྲ། ཡང་ན་གྲགས་པ་དཔལ་ནས། ཆོས་འཕགས་རྒྱལ་མཚན། བླ་མ་རིན་ཆེན་སེང་གེ །བུ་སྟོན་ཐམས་ཅད་མཁྱེན་པ། ལོ་ཙཱ་བ་བྱང་ཆུབ་རྩེ་མོ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་མན་གོང་བཞིན་ནོ། །ཡང་ན་གཞོན་ནུ་འབུམ་ནས། གསལ་ལ་བ། གྲགས་ཆེན་པ། འཕགས་འོད། ཀུན་མཁྱེན་བུ་སྟོན་མན་འདྲ། ཡང་ན་མཆིམས་བརྩོན་འགྲུས་སེང་གེ་ནས། སྤུག་ཐམས་ཅད་མཁྱེན་པ། བདེ་བའི་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན་མན་འདྲ། ཡང་ན་བླ་མ་དཔལ་ལྡན་སེང་གེ་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མན་འདྲའོ། ། ༈ བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་དགུ་བྱ་རྒྱུད་རྡོ་རྗེའི་རིགས་ལས། རིགས་ཀྱི་གཙོ་བོ་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བ་ཞེས་བྱ་བའི་གཟུངས་ནས་གསུངས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་ཀྱི་ཆོ་ག་དཀོན་མཆོག་ལྷུན་གྲུབ་པ་དང་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་ཀྱི་ཡིག་བཅའ་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ། དབང་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་