R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 24b
[B:24b]བདུན་བཞེས་པའི་ཚེས་ས་སྐྱར་དྷརྨ?དྷརམ་པཱ་ལ་གྲོངས། གདན་ས་བུ་ཆེན་ལ་བཅོལ་ནས། ས་སྐྱ་པ་རྣམས་ཅི་བྱ་ལ་གཏད་པའི་དུས། ཡར་འབྲོག་གི་དཔོན་ཆེན་ཨག་གླེན་གྱིས་སེམས་ཀྱིས་མ་བཟོད། དོ་དམ་ཆེར་མཛད། དེའི་གྲོགས་ཁམ་པ་དཔོན་ནག་ཅེས་བྱ་བས་ཀྱང་བྱས་ནས་བཀའ་གྲོས་པ་རྣམས་ལ་གྲོས་བསྐུལ། ཏིཤྲི་གྲགས་འོད་པ་གོང་ན་བཞུགས་པ་ལ་ཞུ་ཡིག་བྱས་པས། ཏི་ཤྲི་བའི་ཕྱགས་ཕྱི་ཉི་ལྡེ་བ་ཤེས་རབ་དཔལ་དང་། མི་ཆེན་ཨོ་དུས་བྱས་ནས་གོང་མ་ལ་ཞུ་བ་ནན་གྱིས་འབུལ་བའི་རྒྱུ་དང་། ལྕམ་སྲིང་མ་སྤྱོད་ཉེས་གཅིག་ཀྱང་ཧོར་ཡུལ་དུ་ཕེབས་པ་གཡང་ལ་ལྷུང་ནས་གྲོངས་པ་ལ་འཇའ་འོད་རིང་བསྲེལ་བྱུང་བས། ངའི་བླ་མའི་རུས་པ་ཡིན་ཙམ་གྱིས་ཆོག་པར་འདུག་པས༑ བཟང་པོ་དཔལ་བ་ འཚོལ?མཚོལ་གསུང་བའི་ལུང་བུད། དེ་དུས་བླ་མ་འདིས་རྗེ་བཙུན་མ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པས་ཉི་མ་འཆར་ཁར་ཙནྡན་སྡོང་པོའི་སྟེང་ནས་ཞལ་བསྟན། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་
[A:52]རྣམས་ཉིད་ཐོབ། ཅེས་གསུང་བྱོན། དགུང་ལོ་སོ་ལྔ་པ་ལ་སྨན་ཙེ་ནས་གདན་དྲངས། སོ་དྲུག་པ་ལ་གོང་མས་གནང་སྦྱིན་བཟང་པོ་མཛད། འཕགས་པ་ཏི་ཤྲིའི་དབོན་པོ་ཡན་ངེས་སུ་འདུག་པས་གདུང་བརྒྱུད་སྤེལ་བའི་ལུང་བུད། ས་སྐྱར་མགྱོགས་པར་བྱོན་ལས་གདན་ས་གྱིས་གསུང་བ་བཞིན་ཕེབས་ཏེ་གདུང་རྒྱུད་སྤེལ་བ་དང་། སློབ་གཉེར་རྣམས་ལེགས་པར་མཛད། རྒྱལ་པོའི་ལུང་ཡོད་ཀྱང་གསན་སྦྱོང་གི་སྟབས་དང་། ཅུང་ཟད་མི་མཛེས་པ་ལ་དགོངས་ནས་ལོ་བཅུའི་བར་དུ་ལྷ་