R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 21b
[B:21b]གསེར་ཐོག་ཆེན་པོ་དང་བཅས་པ། གསེར་འབུམ་ཆེན་མོ་གཡུ་ཐོག་དང་བཅས་པ་དང་། ཐུབ་པ་ཆེན་པོའི་གསེར་སྐུ་ལ་སོགས་པ་བཞེངས། དེའི་ཕྱིས་ལོ་ཆུ་མིག་ཆོས་འཁོར་སྔོན་མ་ལ་དགེ་འདུན་བརྒྱད་ཁྲི་ཙམ་ལ་འབུལ་འགྱེད་གྱ་ནོམ་པ་གནང་། ཧོར་ཡུལ་ནས་ཡར་བྱོན་པའི་ལམ་ཁར་མཁར་མདོ་ཁམས་གཙོ་མདོ་གནས་གསར་དུཉེ་གནས་ཆེན་པོ་རིན་ཆེན་སྟན་ཚུལ་གྱིས་དོ་དམ་བྱས་ནས་གསེར་གྱི་གླེགས་བམ་ཕྱེད་ཉིས་སྟོང་ལ་སོགས་པ། རྟེན་གསུམ་སྡེ་དགོན། མི་ནོར་གྱི་འབུལ་བ་གྲངས་མེད་པ་བཞེས་ནས་དགུང་ལོ་སོ་གཅིག་པ་ཤིང་མོ་གླང་ལ་ས་སྐྱར་ཕེབས། གསེར་ཐོག་ཆེན་པོའི་བཞུགས་ཚགས། གསེར་འབུམ་བཀྲིས་སྒོ་མངས། རྗེ་གོང་མའི་ཕྱེ་རྟེན་སྐྱ་འབུམ་བདུན་ལ་གསེར་གྱི་གདུགས་ཆོར་རོ། སྒོས་སུ་ཆོས་རྗེའི་ཕྱི་རྟེན་ལ་གསེར་ཐོག བཀའ་འགྱུར་ལ་སོགས་པ་གསེར་གྱི་སྤོ་ཏི་ཉིས་བརྒྱ་ལྷག་པ་ལ་སོགས་པ་བཞེངས། དེ་ལྟ་བུའི་བསྟན་པའི་མངའ་བདག་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་གྱི་གཙོ་བོར་གྱུར་ནས་ཀྱང་། མདོ་སྔགས་དབང་བཤད་ཀྱི་རྒྱུན་ཟབ་མོ་ཉམས་ཀྱི་དོགས་ནས། དེ་དུས་ཀྱི་དགེ་བའི་བཤེས་གཉེན་མཁས་བཙུན་བཟང་བ་དང་། ལུང་རྒྱ་ཆེ་བ་ཆུང་འབྲིང་མཐའ་དག་བླ་མར་བསྟེན། རང་
[A:46]བཞེད་པའི་ཆོས་དེ་འདུག་ན་ལོ་བཙུན་ཕལ་པ་གཅིག་ལ་འདུག་ཀྱང་། ང་རྒྱལ་དང་ཁེངས་པ་དང་གཞན་གྱི་སྨོད་པ་སོགས་གང་ལ་ཡང་མི་དགོངས་པར་གུས་པས་གཙུག་ཏུ་བཞེས་ནས་ཆོས་ཞུས་སྟེ། དེ་དག་གི་རྣམ་ཐར་རྒྱས་པ་གསན་ཡིག་སོགས་ན་གསལ་ལོ། །ཆོས་ཀྱི་ཆེད་ཡིན་ཀྱང་འདི་ལྟ་བུའི་ཆེ་འགྱིང་བཅག་པ་ནི་གཞན་སུས་ཀྱང་སྒྲུབ་པར་དཀའོ། །དུས་ཕྱིས་སྒྲ་ཚད་སྙན་ངག་ལ་སོགས་པ་རིག་གནས་