R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༨༥
[A:༢༨༥]མཛད་པའི་སྦྱོར་དྲུག །དེའི་འགྲེལ་པ་ཡོན་ཏན་གྱིས་འགེངས་པ། ཉི་མ་དཔལ་གྱིས་མཛད་པ། གྲུབ་ཆེན་ཙི་ལུ་པ་དུས་ཞབས་པ། ཟླ་བ་གྲགས་པ། སྨྲྀ་ཏི་ཛྙཱ་ན། ཁ་ཆེ་པཎ་ཆེན་རྣམས་ཀྱིས་མཛད་པའི་སྦྱོར་དྲུག་གི་གཞུང་རེ་རེ། །ཡེ་ཤེས་སྤྱན་སྒྲུབ་ཉི་ཟླ་སྒྲུབ་པ། ཙ་མི་ཆེན་པོས་མཛད་པའི་སྦྱོར་འཕྲེང༌། བསྡུས་དོན། འགྲེལ་པ་དང་བཅས་པ། ཙ་མིས་མཛད་པའི་སྦྱོར་དྲུག་འབྲིང་པོ། ནང་གི་ཉི་ཟླ་གཟའ་འཛིན། འཁྲུལ་འཁོར་ཉེར་ལྔ་པ་སོགས་དང༌། ཙ་མི་དང་རྒ་ལོའི་གསུང་ཞང་མཚལ་བས་ཡི་གེར་བཀོད་པའི་མན་ངག་བདུན། སྦྱོར་དྲུག་ས་ལུགས་སུ་གྲགས་པ་མ་རྒྱུད་ཀྱེ་རྡོ་རྗེའི་སྦྱོར་དྲུག་སོགས་ཆོས་ཚན་བཞི། པཎྜི་ཏ་མངོན་ཤེས་ཅན་གྱིས་ཇོ་བོ་རྗེ་ལ་གདམས་པའི་སྦྱོར་དྲུག །དཔལ་ཤཱ་བ་རིས་ཕ་དམ་པ་སངས་རྒྱས་ལ་གནང་བའི་སྦྱོར་དྲུག་རྟའི་གླུ། གྱི་ཇོ་ལོ་ཙཱ་བའི་གསུང་ཕྲོ་ལོ་ཙཱ་བ་པདྨ་འོད་ཟེར་གྱིས་ཡི་གེར་བཀོད་པའི་སྦྱོར་དྲུག །རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་མཛད་པའི་ཡི་གེ་ཆུང་ངུ་བརྒྱད། འབྲོ་ལོ་ཙཱ་བ། པུ་ཧྲངས་ལོ་ཙཱ་བ། གཉན་ལོ་ཙཱ་བ། གཉོས་ལོ་ཙཱ་བ། དཔྱལ་ལོ་ཙཱ་བ་ཨ་མོ་གྷ་རྣམས་ཀྱིས་མཛད་པའི་སྦྱོར་དྲུག །གྲུབ་ཆེན་ཡུ་མོས་མཛད་པའི་སེམས་ཐག་བཅད་པ་སོགས་ཆོས་ཚན་བརྒྱད། ཕྱག་རྒྱ་ཆེན་པོ། སྟོང་ཉིད། འོད་གསལ། ཟུང་འཇུག་གསལ་བའི་སྒྲོན་མ་སོགས་གསལ་སྒྲོན་སྐོར་ལྔ། ཀུན་སྤངས་ཆེན་པོའི་ས་བཅད་དང་བཅས་པ། ཡུ་མོ་ཡབ་སྲས་ཀྱི་གསུང༌། བསྲེགས་པ་ཚངས་པས་ཟིན་བྲིས་སུ་བཀོད་པའི་སྦྱོར་དྲུག །ཤར་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་སྦྱོར་དྲུག །བསྡུས་རྒྱུད་ཀྱི་ས་བཅད། དུས་འཁོར་བ་ཀུན་ཤེས་མཛད་པའི་སེམས་འགྲེལ་སྐོར་གསུམ་གྱི་སྤྱི་ཆིངས། ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་