R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༢ན-༢༥༣
[A:༣༢ན-༢༥༣] རི་བ་བླ་མ་དཀོན་མཆོག་གི་དྲིས་ལན། བསམ་སྡིངས་ཅོག་ཕུག་པ་དང། སྒོམ་ཆེན་སང་རིན་ལ་གདམས་པའི་གསུང་མགུར་རྣམས་ཆོས་རྗེ་ཀུན་མཆོག་ཆེན་པོས་མཛད་པ། ཆོས་རྗེ་ཕྱོགས་ལེགས་རྣམ་རྒྱལ་གྱིས་མཛད་པའི་ཐོག་མཐའ་བར་དགེའི་ཁྲིད་ཡིག། ངོ་སྤྲོད་ཡང་དག་དོན་གསལ་དང་གསང་དོན་རབ་གསལ། གཉག་དབོན་རིན་པོ་ཆེའི་ཐུགས་རྩོམ་དུས་འཁོར་ལྷ་དགུ་ལ་བརྟེན་པའི་ཟབ་ལམ་གྱི་དབང། དེའི་ཁྲིད་ཡིག ངོ་སྤྲོད། གསུང་ཐོར་བུ་བ་དུ་མའི་ལུང། ཇོ་ནང་ལོ་ཙ་བའི་ངོ་སྤྲོད་སྙིང་པོ་གསལ་བ། རྗེ་དུས་ཞབས་ཆེན་པོའི་སྙན་བརྒྱུད་དང། དཀའ་འགྲེལ་སྦས་པ་མིག་འབྱེད། དུས་ཀྱི་འཁོར་ལོའི་གདམས་པ་དང་པོ་ལས་སྤྱན་ལྔའི་སྒྲུབ་ཐབས། ཉི་ཟླ་བསྒྲུབ་པ། ཤ་ཝ་རི་དབང་ཕྱུག་གི་གཞུང་ཆུང། སྤྱན་རས་གཟིགས་དང། ཉི་མ་དཔལ་ཡེ་ཤེས་སོགས་ཀྱིས་མཛད་པའི་སྦྱོར་དྲུག་རྣམས་གསན། གཞན་ཡང་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས། ཐུགས་རྗེ་ཆེན་པོའི་རིག་གཏད་དང་བཅས་པ་གཉག་དབོན་རིན་པོ་ཆེས་མཛད་པ། གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་འབྲི་ཁུང་འཇིག་རྟེན་མགོན་པོའི་རྡོ་རྗེའི་གསུང་གི་དགོངས་པ། རྗེ་གླིང་པས་ཅུད་ཟད་བཤད་པ། དགོངས་གཅིག་པ་རྡོ་རྗེ་ཤེས་རབ་ཀྱི་རྒྱས་པར་ཕྱེ་ནས་ཚོམས་བདུན་གྱི་གཏམ་རྒྱུད་དང་བཅས་ཏེ་བཤད་པ་དགོངས་པ་གཅིག་པ་ཞེས་བྱ་བའི་བསྟན་བཅོས་རྣམས་དང། བྱམས་སེམས་ཟླ་བ་རྒྱལ་མཚན་གྱི་ཐུགས་དམ་རྟ་མགྲིན་ལྕགས་རལ་ཅན་