R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༤བ-༢༣༨
[A:༢༤བ-༢༣༨]པོ་རིན་ཆེ་དག་པའི་ཞིང་དུ་ཐེགས་པའི་རྟགས་སུ་འདུག་པ། ད་ཅི་ནས་ཀྱང་མྱུར་བར་མཇལ་དུ་འགྲོ་དགོངས་ཏེ། འབུལ་ནོར་ཆེ་བ་ནི་མོད། གསོལ་ཇ་ཞུ་རྒྱུ་ཅིག་དང། རས་ཁ་གང། ལམ་ཆས་ཀྱི་གསོལ་ཞིབ་མཚོན་པ་དང་བཅས་བསྣམས། སློབ་དཔོན་པ་ལ་ཡང་མ་ཞུས་པར་རྟབ་རྟབ་པོར་ཕེབས་པས། འཕྲང་བཙན་དུ་ཉི་ཤར་ལ་འབྱོར། དེར་གསོལ་བ་ཞིག་གནང་དགོངས་ཏེ། ཞོལ་ཁང་ཞིག་གི་སྒོ་རྩར་ཐེགས། བུ་མེད་ཅིག་ཞོ་སྲུབ་ཀྱིན་འདུག་པ་ལ་གནས་མོ་དར་བ་ཞིག་བླང་གསུངས་པས། སྤྲང་བཙུན་རྒྱགས་སྟོན་ཀ་ནས་ཆད། ཁ་ཞོགས་པ་ནས་བསྐོམས་པ། ཞོ་སྲུབས་མ་ཟིན་པར་དར་བ་སུ་ལ་ཡོང་བའི་གའུ་ལེ་ག་ན་ཡོད་ཟེར་འབར་བྱུང་བ། ཡུན་ནས་གསོལ་ཆས་བཀྲེན་པ་སོགས་འཚང་ནས་བསླང་བ་འདྲ་ཞིག་བྱུང་བས་ཐུགས་འཚེར་ཏེ། དེ་ཀ་ནས་བཤར་མར་ཕེབས། སྦྱར་ཚུགས་ཁར་རྐོང་པོ་ཚོང་པ་མང་པོ་དང་མཇལ། བླ་མ་ཕུ་རུ་ཉོ་འམ་ཟེར་བ་ལ་ཉོས་པས་ཆོག་རིན་ཅི་འདོད་གསུངས་པས། ཕེ་ཁེ་འདོད་ཟེར། ཇ་ཅན་ཞིག་ཐུགས་ལ་བཞེད་དེ་སྒྲིགས། ཕེ་དེ་སྟོངས་རྒྱབ། དེ་མིིན་མི་བྱེད་ཟེར་བ། ཇ་ཕོར་ལ་ཐུགས་སོང་སྟེ་གསོལ་ཞིབ་ཚང་མར་བཏབ། སྣོད་དེར་ཅན་ནེ་བཅུག་སྟེ་ཕེབས། དོལ་མདའ་ཙམ་ནས་སྐུ་བཀྲེས་ཙམ་བྱུང་བ། བཞི་སྡེ་ཁང་པར་ཐེགས་ན་ཡོང་རྒྱུའང། གསོལ་ཞིབ་མེད་པའི་མནོང་གིས་བཤར་ནས་དེང་རུབ་མགར་ཚར་